༄༅༎ཐེ་དབན་ཞིབ་སྤྱོད་ལས་ཁང་གིས་ཐེ་དབན་སྲིད་འཛིན་ཕོ་བྲང་ནང་གི་དཔོན་རིགས་ཤིག་གིས་ཐེ་དབན་སྲིད་འཛིན་ལས་ཁང་གི་གནས་ཚུལ་རྒྱ་ནག་སྐམ་ས་ཆེན་མོར་མཁོ་སྤྲོད་བྱས་པའི་ནག་བཙུགས་ཐོག་ནས་གཟའ་པ་སངས་ཉིན་ཐེ་དབན་ཁྲིམས་ཁང་དུ་ཁྲིམས་གཏུགས་བྱས་ཡོད་པའི་སྐོར་གྱོད་གཏུག་པས་འགྲེལ་བརྗོད་གནང་ཡོད་འདུག
ལྦང་ཅན་ཕིང་གིས་འདས་པའི་ལོ་ངོ་གསུམ་རིང་ཐེ་དབན་གྱི་སྲིད་འཛིན་ཟུར་པ་གྲན་ཧྲོའོ་བན་གྱི་སྲིད་འཛིན་གནང་བའི་སྐབས་སྲིད་འཛིན་ལས་ཁང་གི་གསང་བའི་ཡིག་ཆ་ཁག་འདུ་རུབ་ཀྱིས་རྒྱ་ནག་སྐམ་ས་ཆེན་མོར་མཁོ་སྤྲོད་བྱས་ཡོད་པ་ཐེ་དབན་ཞིབ་སྤྲོད་ལས་ཁང་གིས་བརྟག་དཔྱད་བྱས་ནས་ཉེས་བཙུགས་བྱས་ཡོད་ཅིང་ལྦང་ཅན་ཕིང་ཕྱི་ལོ་ཉིས་སྟོང་བརྒྱད་ལོའི་ཕྱི་ཟླ་ལྔ་པའི་ནང་སྲིད་འཛིན་ལས་ཁང་གིས་ལས་གནས་འཁྱུར་ཡོད་ཅིང་དེ་དང་འབྲེལ་ཐེ་དབན་གྲོས་ཚོགས་ཀྱི་འཐུས་མི་གྲན་ཕིན་ཅན་གྱིས་ཀྱང་གོང་དང་འདྲ་བར་ཐེ་དབན་གྱི་བདེ་འཇགས་གནད་དོན་སྐོར་གྱི་གསང་བའི་ཡིག་ཆ་རྒྱ་ནག་སྐམ་སར་མཁོ་སྤྲོད་བྱས་པ་ཉེས་བཙུགས་བྱས་ཡོད་ཅིང་ཐེ་དབན་ཞིབ་སྤྱོད་ལས་ཁང་གིས་ཁོང་གཉིས་ཁྲིམས་གཏུག་བྱས་ནས་ཐེ་དབན་ཁྲིམས་ཁང་ནས་ཁོང་གཉིས་ཀར་ཉུང་ཐར་ཡང་དུས་ཡུན་ལོ་གསུམ་གྱི་བཙོན་འཇུག་ལོ་ཚད་ཁྲིམས་ཐག་བཅད་རྒྱུའི་བསམ་འཆར་བཏོན་ཡོད་པ་རེད།