༄༅༎ཁ་ས་ཐའེ་ལྦན་དམག་དཔུང་གིས་རྒྱལ་ཁབ་ལ་དྲག་པོའི་བཙན་འཛུལ་བྱུང་བའི་སྐབས་སུ་དགྲ་ལན་སྤྲོད་ཕྱོགས་ཐད་གྲ་སྒྲིག་ཐུབ་ཕྱིར་ དམག་སྦྱོང་གྲ་རྒྱས་པོ་ཞིག་བྱས་ཡོད་པ་རེད་
བདེ་སྲུང་ལྷན་ཁང་གིས་དམག་སྦྱོང་འདི་བཞིན་ཐའེ་ལྦན་གྱི་ལྷོ་ཁུལ་མཚོ་གླིང་གི་ཐོག་གནང་ཡོད་པའི་གསལ་བསྒྲགས་གནང་ཡོད་ཅིང་ དམག་སྦྱོང་འདིའི་ནང་ ཐའེ་ལྦན་གྱི་མཚོ་དམག་དཔུང་སྡེས་ ཕྱིའི་བཙན་འཛུལ་དཔུང་དམག་ཡིན་ཁུལ་བྱས་ཏེ་ དམག་འཐབ་བྱས་པ་དང་ ཡུལ་གྱི་རྐང་དམག་དཔུང་སྡེས་བཙན་འཛུལ་དཔུང་དམག་ལ་གདོང་ལེན་གྱིས་དངོས་སུ་དྲག་པོའི་དམག་འཁྲུག་བྱུང་བ་ལྟ་བུའི་དམག་སྦྱོང་གཟབ་མོ་ཞིག་བྱས་ཡོད་པ་དང་ གནམ་དམག་དཔུང་སྡེས་ཐེ་ཝན་གྱི་ལྷོ་ཁའི་གྲོང་ཁྱེར་ པིང་རྟུང་གི་གཞུང་ལམ་ཁག་ཅིག་བཀག་སྟེ་ ཨ་མི་རི་ཀའི་འགྲམ་ནས་ཉོས་པའི་ཨེ་ཕི་༡༦་རྟགས་ཅན་གྱི་གནམ་གྲུ་གཅིག་གི་གཙོས་ གནམ་དམག་གནམ་གྲུ་ཁག་བཞི་ཙམ་གྲ་སྒྲིག་གིས་དམག་སྦྱོང་འདིའི་ནང་ཆ་ཤས་ལེན་ཡོད་ཀྱང་ ཁུལ་དེར་གནམ་གཤིས་ཡག་པོ་མེད་པའི་རྐྱེན་གྱིས་ དམག་སྦྱོང་འདིའི་ནང་ཆ་ཤས་ཆ་ཚང་བ་ཞིག་ལེན་རྒྱུ་བྱུང་མེད་སྐོར་གསུངས་ཡོད་པ་རེད་ ཐའེ་ལྦན་གྱི་སྲུང་སྐྱོབ་གནད་དོན་མཁས་པ་ཚོས་གསུངས་ན་ རྒྱ་ནག་གཞུང་གིས་ཐའེ་ལྦན་ཕྱོགས་སུ་དམིགས་ཏེ་མེ་ཤུགས་ཕུར་མདེལ་ཆིག་སྟོང་དྲུག་བརྒྱ་ཙམ་བཙུགས་ཏེ་ཡོད་པ་དང་ ཉེ་ཆར་ཡང་རྒྱ་ནག་གཞུང་གིས་ཐའེ་ལྦན་ཕྱོགས་སུ་དམིགས་ཏེ་རང་འགུལ་གྱི་མེ་ཤུགས་འཕུར་མདེལ་གསར་པ་ཞིག་ཀྱང་འགྲེམས་འཇོག་བྱས་ཡོད་པ་ངོ་སྤྲོད་གནང་གི་ཡོད་པ་རེད་