ཐེ་དབན་ནང་དབུལ་ཕྱུག་བར་གྱི་ཁྱད་པར་ཧ་ཅང་མཐོ་རུ་ཕྱིན་པ།
2009.06.20
༄༅༎རེས་གཟའ་སྤེན་པའི་ཉིན་ཐེ་དབན་གཞུང་གིས་སྙན་ཐོ་ཞིག་བཏོན་ཡོད་པ་དེའི་ནང་འཁོད་དོན་ལྟར་ན་ཐེ་དབན་ནང་གི་དབུལ་ཕྱུག་བར་ཁྱད་ཀྱི་ཚད་གཞི་ཧ་ཅང་མཐོ་རུ་འགྲོ་བཞིན་པ་ཡིན་འདུག
གཞུང་གི་སྙན་ཐོ་དེའི་ནང་ཐེ་དབན་ནང་གི་འབྱོར་པ་ཆེ་ཤོས་ཀྱི་ནང་མི་ཚོའི་ཡོང་བབས་ནི་ཆེས་དབུལ་ཕོངས་ཀྱི་ནང་མི་ཚོ་ལས་འདབ་དྲུག་བཅུ་རེ་གཉིས་ཀྱི་མང་བ་ཡིན་འདུག
ཕྱི་ལོ་ཉིས་སྟོང་བདུན་གྱི་ལོའི་ནང་ཐེ་དབན་གྱི་ཡུལ་མི་ཆེས་དབུལ་ཕོངས་བརྒྱ་ཆ་ལྔ་དེའི་ལོ་རེའི་ཡོང་བབས་ཨ་རིའི་ཌོ་ལར་༢༡༥༦ཙམ་ཡིན་ཞིང་ལོ་དེ་གའི་ནང་ཆེས་འབྱོར་ལྡན་གྱི་ཁྱིམ་ཚང་ཞིག་གི་ལོ་རེའི་ཡོང་བབས་དེ་ཨ་རིའི་ཌོ་ལར་ས་ཡ་བཞི་དང་ཕྱེད་ཀ་ཙམ་ཡིན་འདུག་པ་དང་འདི་ནི་ཐེ་དབན་གྱི་ལོ་རྒྱུས་ནང་དབུལ་ཕྱུག་དབར་གྱི་ཡོང་བབས་ཆ་མི་སྙོམས་པའི་ཚད་གཞི་ཐོ་ཤོས་དེ་ཡིན་འདུག
ཕྱི་ལོ་༡༩༩༨ལོར་ཆེས་འབྱོར་ལྡན་པ་ཚོའི་ཡོང་བབས་ཆེས་དབུལ་པོ་ཚོ་ལས་བརྒྱ་ཆ་སུམ་བཅུ་སོ་གཉིས་ཀྱི་མང་བ་ཡིན་འདུག་པ་དང་ཕྱི་ལོ་ཉིས་སྟོང་གཅིག་ལོར་ཡོང་བབས་ཀྱི་བར་ཁྱད་དེ་བརྒྱ་ཆ་བཞི་བཅུ་ཞེ་གཉིས་སུ་གྱུར་ཏེ་དབུལ་ཕྱུག་གི་བར་ཁྱད་དེ་བས་མཐོ་རུ་ཕྱིན་ཡོད་པ་རེད།
ཐེ་དབན་གྱི་དངོས་ཟོག་ཕྱིར་ཚོང་གི་ཐད་དོ་ཕོག་ཆེན་པོ་བྱུང་སྟེ་དཔལ་འབྱོར་འཕེལ་རྒྱས་མེད་པའི་གནས་སུ་ལྷུངས་པ་དང་དེའི་རྐྱེན་གྱིས་ལས་མེད་མིའི་གྲངས་འབོར་ཡང་ཇེ་མཐོར་ཕྱིན་ཡོད་པ་རེད༎