ཐེ་ཝན་དང་ཧོང་ཀོང་ལ་བོད་མིའི་རང་དབང་སྒེར་ལངས་སྲུང་བརྩི།


2015.03.11
ཐེ་ཝན་དང་། ཧོང་ཀོང་ནང་གི་བོད་མིའི་རང་དབང་སྒེར་ལངས་དུས་དྲན་སྐབས། ༢༠༡༥།༣།༡༠ ཐེ་ཝན་དང་། ཧོང་ཀོང་ནང་གི་བོད་མིའི་རང་དབང་སྒེར་ལངས་དུས་དྲན་སྐབས། ༢༠༡༥།༣།༡༠
མཐུན་འགྱུར་བར་རིས།།

ཐེ་ཝན་དང་། ཧོང་ཀོང་། ཨུ་རུ་སུ་སོགས་སུ་བོད་མིའི་རང་དབང་སྒེར་ལངས་དུས་དྲན་ཐེངས་༥༦པ་སྲུང་བརྩི་ཟབ་རྒྱས་ཞུས་འདུག
དེ་ཡང་ཁ་ས་ཕྱི་ཟླ་༣ཚེས་༡༠ཉིན། ཐེ་ཝན་གྱི་རྒྱལ་ས་ཐེ་པེ་དང་། ཐེ་ཝན་གྱི་གྲོང་ཁྱེར་ཆེ་ཤོས་གཉིས་པ་Kaosiung དེ་བཞིན་ཧོང་ཀོང་བཅས་སུ་བོད་མི་གནས་ཡུལ་གཞན་དང་གཅིག་མཚུངས་བོད་རིགས་དང་ཐེ་ཝན་མི་མང་བཅས་ཁྱོན་མི་གྲངས་བརྒྱ་ཕྲག་བརྒལ་བ་འདུ་འཛོམས་ཀྱིས་བོད་མིའི་རང་དབང་སྒེང་ལངས་གསུམ་བཅུའི་དུས་དྲན་ཐེངས་༥༦པ་སྲུང་བརྩི་ཞུས་པ་དང་། སྲུང་བརྩིའི་མཛད་སྒོ་དེ་དག་དྲ་རྒྱའི་ཐོག་ཐད་ཀར་རྒྱང་སྲིང་ཞུས་ཡོད་པ་རེད། ཐེ་ཝན་གྱི་རྒྱལ་ས་ཐེ་པེ་ཡི་Liberty Squareའམ་རང་དབང་ཐང་ཆེན་ཞེས་པའི་སར་དུས་དྲན་སྲུང་བརྩིའི་མཛད་སྒོའི་ཐོག་གཞུང་འབྲེལ་མིན་པའི་ཚོགས་པ་ཁག་༡༥ཙམ་གྱི་སྐུ་ཚབ་འཐུས་མི་ཕེབས་བཅར་གྱིས་གཏམ་བཤད་གནང་འདུག་ལ་མཛད་སྒོའི་སྐབས་ཐེ་ཝན་སྐུ་ཚབ་དོན་གཅོད་ཟླ་བ་ཚེ་རིང་ལགས་ཀྱིས། ཐེ་ཝན་དང་ཧོང་ཀོང་མི་མང་གིས་བོད་དོན་ཐོག་རྒྱབ་སྐྱོར་གནང་བ་དེ་འགྲོ་བ་མིའི་ཐོབ་ཐང་ལ་རྒྱབ་སྐྱོར་གནང་བ་ཙམ་མིན་པར་ཐེ་ཝན་དང་ཧོང་ཀོང་གི་མ་འོངས་མདུན་ལམ་གྱི་གནས་སྟངས་དང་འབྲེལ་བ་ཆགས་ཡོད་ལུགས་གསུང་བཤད་གནང་འདུག ཐེངས་འདིར་ཐེ་ཝན་དང་ཧོང་ཀོང་མི་མང་ཚོས་དུས་གཅིག་ཏུ་བོད་མིའི་གསུམ་བཅུའི་དུས་དྲན་སྲུང་བརྩི་ཞུས་པ་དེ་ནི་ཐོག་མ་ཆགས་ཡོད།
གཞན་ཡང་ཉེ་སྔོན་ཕྱི་ཚེས་༨ཉིན་ཐེ་ཝན་གྱི་རྒྱལ་ས་ཐེ་པེ་ཁྲོམ་གཞུང་ཐོག་བོད་མི་དང་བོད་དོན་རྒྱབ་སྐྱོར་བ་ཁྱོན་མི་གྲངས་སྟོང་ཕྲག་ལྷག་ཙམ་གྱིས་བོད་མིའི་གསུམ་བཅུའི་དུས་དྲན་ལ་དྲན་གསོ་དང་སྦྲགས་བོད་དོན་ལ་རྒྱབ་སྐྱོར་མཚོན་པའི་རྔམ་སྟོན་ཁྲོམ་སྐོར་གྱི་ལས་འགུལ་རྒྱ་ཆེ་གནང་ཡོད་པ་རེད།
དེ་བཞིན་ཨུ་རུ་སར་གནས་སྡོད་སྤྱིན་པ་ལགས་གྱིས་འདི་གར་གནས་ཚུལ་བཏང་བ་ལྟར་བ། ཚེས༡༠ཉིན་ཨུ་རུ་སུའི་མངའ་ཁོངས་ཁལ་མུག་གི་རྒྱལ་ས་ཨེ་ལེ་སུ་ད་Elistaནས་བོད་མི་རྣམས་དང་། བོད་དོན་རྒྱབ་སྐྱོར་ཚོགས་པ་ཐུན་མོང་གིས་གསུམ་བཅུའི་དུས་དྲན་ཐེངས་༥༦ སྲུང་བརྩི་བྱས་བ་དང་། རྒྱལ་སའི་དགོན་པའི་ནང་མཛད་རིམ་ཁག་སྤེལ་རྗེས་ཉིན་གུང་རྒྱལ་སའི་གྲོང་ཁྱེར་དཀྱིལ་གྱི་གཞུང་ལས་ཁང་ཁག་གི་ཉེ་འགྲམ་དུ་བོད་པ་དང་བོད་དོན་རྒྱབ་སྐྱོར་བ་ཚོ་མཉམ་དུ་འཛོམས་ཏེ་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་ལྕམ་ཀ་ཀོ་ཡུ་བ་ལགས་ཀྱིས་བཀའ་ཤག་གི་གསུངས་འཕྲིན་སྒྲོག་སྦྱངས་དང་། གཞན་འགའ་ཤས་ཀྱིས་གཏམ་བཤད་གནང་། དེ་ནས་བྱང་ཆུབ་སེམས་མཆོག་མ་འདོན་བཞིན་དུ་ཁྲོམ་སྐོར་བྱས་འདུག

གསར་འགོད་པ་དོན་གྲུབ་རྣམ་རྒྱལ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་སྐད་ཡིག་སྡེ་ཚན་ཕལ་ཆེ་བ་སྒོ་བརྒྱབ་རྒྱུའི་གསལ་བསྒྲགས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཨ་རྒྱ་གཉིས་ཀྱི་ཚོང་དམག་ཁྲོད་བཟོ་གྲྭ་མང་པོ་སྒོ་བརྒྱབ་པའི་རྐྱེན་གྱིས་རྒྱ་ནག་གི་ས་ཁུལ་གང་སར་ལས་མིས་ངོ་རྒོལ་བྱེད་བཞིན་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎