ཐའེ་ལྦན་ས་གནས་འོས་བསྡུར་གོ་མིང་ཏང་ལ་ཕམ་ཉེས།

ཐའེ་ལྦན་གྱི་ས་གནས་ཁག་གཅིག་ནང་འོས་བསྡུ་བྱས་པའི་འབྲས་བུར་གཞུང་འཛིན་ཚོགས་པར་ཕམ་ཉེས་གང་འཚམས་བྱུང་བར་ཞིབ་འཇུག

2009.12.07

༄༅༎རེས་གཟའ་ཉི་མའི་ཉིན་ཐའེ་ལྦན་གྱི་ས་གནས་ཁག་གཅིག་ནང་འོས་བསྡུ་བྱས་པའི་འབྲས་བུར་གཞུང་འཛིན་ཚོགས་པར་ཕམ་ཉེས་གང་འཚམས་བྱུང་སྟབས་ནོར་འཁྲུལ་ག་པར་ཕྱིན་ཡོད་མེད་ཞིབ་འཇུག་བྱེད་དགོས་སྐོར་སྲིད་འཛིན་མཱ་ཡིང་ཇུས་བཀའ་བཏང་འདུག ད་རེས་ས་གནས་འོས་བསྡུ་བྱས་པའི་ནང་གོ་མིང་ཏང་ལ་མང་མོས་འོས་ཤོག་ཐོབ་ན་ཡང་ཕྱོགས་འགལ་སྲིད་དོན་ཚོགས་པ་ཆེ་ཤོས་མང་གཙོ་ཡར་ཐོན་ཚོགས་པར་རྒྱལ་ཁ་ཆེན་པོ་ཐོབ་སྟེ་ཚོགས་པ་གཉིས་དབར་གྲངས་ཁའི་བར་ཁྱད་དེ་ཉུང་དུ་བཏང་ཡོད་ཅིང་ འོས་བསྡུའི་གྲུབ་འབྲས་དེས་སྲིད་འཛིན་མཱ་ཡིང་ཇུས་དབུ་འཁྲིད་པའི་ཐའེ་ལྦན་གྱི་གཞུང་འཛིན་གོ་མིང་ཏང་གིས་རྒྱ་ནག་དང་འབྲེལ་ཐག་ཉེ་བའི་རྐྱེན་གྱིས་ཐའེ་ལྦན་ཡུལ་མི་ཚོས་ཐའེ་ལྦན་གྱི་རང་བཙན་ལ་རྒྱབ་སྐྱོར་བྱེད་མཁན་མང་གཙོ་ཡར་ཐོན་ཚོགས་པར་དགའ་མོས་ཆེ་བ་དང་གོ་མིང་ཏང་ཚོགས་པར་རྒྱབ་སྐྱོར་བྱེད་མཁན་ཉུང་དུ་འགྲོ་ཡི་ཡོད་པའི་མཚོན་རྟགས་ཤིག་ཀྱང་ཡིན་པ་རེད་ལ་ ཡང་འདི་ལོའི་ཕྱི་ཟླ་བརྒྱད་པའི་ནང་ཐའེ་ལྦན་ནང་མཚོ་རླུང་གི་དྲག་ཆར་ཤུགས་ཆེ་རྒྱབ་ཏེ་མི་རྒྱུ་གཉིས་ལ་གནོད་སྐྱོད་ཚབས་ཆེ་བྱུང་བ་མ་ཟད་ འཛམ་གླིང་ཁྱོན་ཡོངས་ནང་དཔལ་འབྱོར་ཉམ་རྒུད་ཕྱིན་པས་ཀྱང་གོ་མིང་ཏང་ལ་གནོད་སྐྱོན་བཏང་འདུག གནད་དོན་དབྱེ་ཞིབ་པ་ཚོས་གལ་ཏེ་མི་མང་གིས་འོས་ཤོག་འཕེན་ཕྱོགས་དེ་མུ་མཐུད་ནས་གནས་ཚེ་ཕྱི་ལོ་༢༠༡༢་ལོར་སྲིད་འཛིན་མཱ་ཡིང་ཇུ་ཡང་བསྐྱར་སྲིད་འཛིན་ལ་འོས་འདེམས་རྒྱལ་ཁ་ཐོབ་རྒྱུར་ཉེན་ཁ་ཡོད་སྐོར་གསུངས་འདུག།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བྱེས་ཀྱི་གདན་ས་བཀྲིས་ལྷུན་པོ་གཙོས་པའི་བོད་མི་གནས་སྡོད་ས་གནས་ཁག་ཏུ་༸པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་གི་འཁྲུངས་སྐར་སྲུང་བརྩི་ཞུས།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎