༄༅༎ཕྱི་རྒྱལ་གྱི་ཚོང་ལས་ཁང་དྲུག་བཅུ་ཙམ་གྱིས་ཐེ་ལྦན་གྱི་མ་བཤེར་ཁྲོམ་རའི་ནང་འཛུལ་ཞུགས་བྱེད་འདོད་ཡོད་པའི་གནས་ཚུལ་ཐོན་འདུག
རྒྱ་ནག་གི་ཕྱི་རོལ་དུ་དེབ་སྐྱེལ་བྱས་པའི་རྒྱ་ནག་གི་ཚོང་ལས་ཁང་༤༣གཙོས་བོར་བྱས་པའི་ཕྱི་རྒྱལ་གྱི་ཚོང་ལས་ཁང་དྲུག་བཅུ་རེ་གཅིག་གིས་ཐའེ་ཝན་གྱི་མ་བཤེ་རོམ་རའི་ནང་འཛུལ་ཞུགས་བྱེད་རྒྱུར་ངང་སྒུག་བྱེད་བཞིན་ཡོད་ལུགས་ཡུལ་དེ་མ་བཤེར་ཁྲོམ་རའི་མགྲིན་ཚབ་པ་སི་ཀྲེན་ལི་ཆུའུ་ཡིས་གསུངས་ཡོད་ལུགས་ཨ་རིའི་མ་བཤེར་ཁྲོ་མའི་ཌོའོ་ཇོན་སེ་གྱིས་དྲ་རྒྱའི་ཐོག་གནས་ཚུལ་སྤེལ་ཡོད་འདུག འོན་ཀྱང་ཁོང་གིས་ཚོང་ལས་ཁང་དེ་དག་མིང་འདོན་གནང་མི་འདུག
ད་ལྟའི་སྐབས་སུ་རྒྱ་ནག་གི་ཕྱི་རོལ་དུ་དེབ་སྐྱེལ་བྱས་པའི་རྒྱ་ནག་གི་ཚོང་ལས་ཁང་རིགས་ཐེ་ལྦན་གྱི་མ་བཤེར་ཁྲོམ་རའི་ནང་འཛུལ་ཞུགས་བྱེད་ཆོག་གི་ཡོད་པ་ལས་རྒྱ་ནག་ནང་དེབ་སྐྱེལ་བྱས་པ་ཚོ་འཛུལ་ཞུགས་བྱེད་ཆོག་གི་མེད་པ་རེད། ཐེ་ལྦན་ཁྲོམ་རའི་མགྲིན་ཚབ་པ་སི་ཀྲེན་ལི་ཆུའུ་ཡིས་བརྗོད་པར་གཞིགས་ན་ ཐེ་ལྦན་གྱི་ཉེ་འགྲམ་དུ་དེབ་སྐྱེལ་བྱས་པའི་ཚོང་ལས་ཁང་ཚོས་ཐེ་ལྦན་གྱི་ཁྲོམ་རའི་ནང་མཉམ་བཞུགས་བྱས་པ་ཁེ་ཕན་ཆེ་བ་མཐོང་གི་ཡོད་པའི་ཁར་རྒྱ་ནག་ནང་གི་ཚོང་ལས་ཁང་ཁག་ཅིག་གིས་ཀྱང་རྒྱལ་ནང་གི་དམ་བསྒྲག་གཡོལ་ཐབས་ཆེད་ཐེ་ལྦན་གྱི་ཁྲོམ་རའི་ནང་འཛུལ་ཞུགས་་བྱེད་འདོད་ཡོད་ལུགས་འགྲེལ་བརྗོད་གནང་འདུག དེའི་དབར་ལ་ཡོ་རོབ་མཉམ་སྦྲེལ་གྱི་ཚོང་ལས་ཁང་གིས་ཀྱང་ཐེ་ལྦན་དང་ཚོང་དོན་གྱི་ཆིངས་དོན་བཞག་རྒྱུར་འབད་བརྩོན་གནང་གི་ཡོད་འདུག།