ཨ་རི་དང་ཐའེ་ལྦན་ཚོང་ལས་མཐུན་གྲོས་འགོ་འཛུགས་རེ་བ།

ཐའེ་ལྦན་དང་ཨ་མི་རི་ཀ་གཉིས་དབར་ཚོང་དོན་དང་ཚོང་ལས་མ་རྩ་འཛུགས་རྒྱུའི་མཐུན་གྲོས་སྐོར་གྲོས་མོལ་བསྐྱར་དུ་འགོ་འཛུགས་གནང་རྒྱུའི་རེ་བ།

2009.11.25

༄༅༎ཐའེ་ལྦན་ནང་གི་ཨ་མི་རི་ཀའི་སྐུ་ཚབ་ཀྱིས་ལོ་གསར་པ་ཤར་བ་དང་ཐའེ་ལྦན་དང་ཨ་མི་རི་ཀ་གཉིས་དབར་ཚོང་དོན་དང་ཚོང་ལས་མ་རྩ་འཛུགས་རྒྱུའི་མཐུན་གྲོས་སྐོར་གྲོས་མོལ་བསྐྱར་དུ་འགོ་འཛུགས་གནང་རྒྱུའི་རེ་གཞི་ཡོད་སྐོར་དེ་རིང་གསུངས་པ་ཕེ་རན་སི་གསར་ལས་ཁང་གིས་ལུང་འདྲེན་བྱས་འདུག།

ལོ་ཤས་གོང་ཨ་རིའི་ནང་ཕྱུག་སྨྱོན་གྱི་ནད་གཞི་ཐོན་སྐབས་ཐའེ་ལྦན་གྱིས་ཨ་མི་རི་ཀ་ནས་གླང་ཤ་ནང་འདྲེན་ཐོག་བཀག་འགོག་བྱས་པའི་རྗེས་། ཨ་རི་དང་ཐའེ་ལྦན་དབར་ཚོང་དོན་དང་མ་རྩ་འཛུག་འཇོག་གི་མཐུན་གྲོས་སྐོར་གྱི་གྲོས་མོལ་དེ་༢༠༠༧ལོ་ནས་མཚམས་འཇོག་བྱུང་ཡོད་པ་རེད། འོན་ཀྱང་ཐའེ་ལྦན་གྱིས་ཨ་རི་ནས་གླང་ཤ་ནང་འདྲེན་ཐོག་བཀག་འགོག་དེ་ཟླ་བ་སྔོན་མ་ཕྱིར་འཐེན་བྱས་པ་དེར་ཨ་མི་རི་ཀས་དགའ་བསུ་ཞུས་ཡོད་པ་རེད། ཐའེ་ལྦན་ནང་ཡོད་པའི་ཨ་མི་རི་ཀའི་ལྟེ་གནས་ཁང་གི་ངེས་སྟོན་པ་ལྦི་ལིཡེམ་ཨེ་སི་ཀྲེན་ཀྲེན་ཡིས་ཐའེ་ལྦན་དང་ཨ་རི་གཉིས་དབར་ཚོང་དོན་དང་མ་རྩ་འཛུགས་འཇོག་སྐོར་གྲོས་མོལ་གྱི་ཚོགས་འདུ་དེར་མགྲོན་བདག་བྱ་རྒྱུའི་རེས་མོས་ཐའེ་ལྦན་ལ་འཁོར་ཡོད་པ་དང༌། ལོ་གསར་པ་ཤར་བའི་ནང་ཚོགས་འདུ་དེ་བྱ་རྒྱུར་ཐའེ་ལྦན་ངོས་ནས་ངང་སྒུག་བྱེད་བཞིན་ཡོད་སྐོར་ཁ་ས་ཨ་མི་རི་ཀའི་ཚོང་ལས་ཁང་གི་འདུ་འཛོམས་ཤིག་གི་ཐོག་གཏམ་བཤད་གནང་འདུག།

ཚོང་དོན་དང་མ་རྩ་འཛུགས་འཇོག་སྐོར་གྱི་གྲོས་མོལ་ཚོགས་འདུ་དེ་བཞིན་ཐའེ་ལྦན་དང་ཨ་མི་རི་ཀ་གཉིས་དབར་ཚོང་ལས་དང་དཔལ་འབྱོར་མཉམ་འབྲེལ་གྱི་གནད་དོན་སྐོར་འབྲེལ་བ་གནང་སའི་བརྒྱུད་ལམ་གལ་ཆེ་ཡིན་སྟབས། ཐའེ་ལྦན་གྱི་སྲིད་འཛིན་མཱ་ཡིང་ཇུ་ཡིས་ཚོགས་འདུ་དེ་བརྒྱུད་ཚོང་དོན་ཁྲལ་ཆག་གི་ཡོངས་ཁྱབ་མཐུན་གྲོས་ཤིག་འཇོག་ཐུབ་པའི་རེ་བ་གནང་གི་ཡོད་སྐོར་གསུངས་ཡོད་པ་རེད།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོའི་གསེར་ཁྲི་མངའ་གསོལ་མཛད་སྒོའི་སྐབས་ཀྱི་གནས་སྟངས་གསལ་བའི་ཆུ་ཚོན་རི་མོ་ངོ་མ་ ༤༠ ཚོང་སྒྱུར་གནང་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎