ཐེ་ཝན་གྱི་དམག་དོན་སྦྱོང་བརྡར་ཐོག་ཡུལ་དེའི་སྲིད་འཛིན་གྱིས་གཟིགས་ཞིབ།


2018.04.13
ཐེ་ཝན་གྱི་དམག་དོན་སྦྱོང་བརྡར་ཐོག་ཡུལ་དེའི་སྲིད་འཛིན་(Tsai Ing-wen)གྱིས་གཟིགས་ཞིབ་གནང་བཞིན་པ། ༢༠༡༨།༤།༡༣ ཐེ་ཝན་གྱི་དམག་དོན་སྦྱོང་བརྡར་ཐོག་ཡུལ་དེའི་སྲིད་འཛིན་(Tsai Ing-wen)གྱིས་གཟིགས་ཞིབ་གནང་བཞིན་པ། ༢༠༡༨།༤།༡༣
AP

ཐེ་ཝན་གྱི་སྲིད་འཛིན་མཆོག་ཐེ་ཝན་ཤར་ཕྱོགས་ཁུལ་དུ་མཚོ་ཐོག་དམག་དོན་སྦྱོང་བརྡར་བྱེད་སར་གཟིགས་ཞིབ་ཏུ་ཕེབས་ཡོད་འདུག
ཐེ་ཝན་དང་རྒྱ་ནག་དབར་གྱི་འབྲེལ་ལམ་ཛ་དྲག་ཏུ་འགྲོ་བཞིན་པའི་སྐབས་འདིར། གཟའ་པ་སངས་ཉིན་ཐེ་ཝན་གྱི་སྲིད་འཛིན་ལྕམ་ཚཡི་དབྱིང་ཝན་(Tsai Ing-wen)ཐེ་ཝན་མཚོ་ཐོག་དམག་དཔུང་གི་དམག་དོན་སྦྱོང་བརྡར་བྱེད་སར་གཟིགས་ཞིབ་ཏུ་ཕེབས་ཡོད་པ་དང་།  འདི་ནི་སྲིད་འཛིན་མཆོག་གིས་༢༠༡༦ལོར་ཐེ་ཝན་གྱི་སྲིད་འཛིན་ཐུགས་འགན་བཞེས་པའི་རྗེས་མཚོ་ཐོག་དམག་དོན་སྦྱོང་བརྡར་བྱེད་སར་གཟིགས་ཞིབ་ཏུ་ཕེབས་པ་ཐོག་མ་དེ་ཡིན་པ་རེད།  ཐེ་ཝན་མཚོ་ཐོག་དམག་དཔུང་གི་དམག་དོན་སྦྱོང་བརྡར་དེ་བཞིན་རྒྱ་ནག་གི་མཚོ་ཐོག་དམག་དཔུང་གིས་གཟའ་འཁོར་རྗེས་མའི་གཟའ་ལྷག་པ་ནས་པ་སངས་བར་ཐེ་ཝན་མཚོ་ཁུལ་དུ་གཞི་རྒྱ་ཆེ་བའི་དམག་དོན་སྦྱོང་བརྡར་བྱ་རྒྱུ་ཕྱིར་བསྒྲགས་བྱས་པའི་རྗེས་བྱུང་བ་ཞིག་ཡིན་ཞིང་། ཐེ་ཝན་སྲུང་སྐྱོབ་ལས་ཁང་གི་བློན་ཆེན་ཐེ་ཝན་མཚོ་ཐོག་དམག་དཔུང་གི་སྦྱོར་བརྡར་སྐབས་གོ་མཚོན་ངོ་མ་བེད་སྤྱོད་བྱས་མེད་པ་གསུངས་ཤིང་།  ཁོང་གིས་སྦྱོར་བརྡར་གྱི་དམིགས་ཡུལ་གཙོ་བོ་མཚོ་དམག་གི་སྲུང་སྐྱོབ་ནུས་པར་ཚོད་ལྟའི་ཆེད་ཡིན་པ་དང་། ཐེ་ཝན་མཚོ་ཐོག་དམག་དཔུང་ལ་རང་སྲུང་ཀྱི་ནུས་པ་ཚད་ལྡན་ཡོད་པར་མི་མང་གིས་ཡིད་ཆེས་ཡོང་བའི་ཆེད་དུ་ཡིན་པ་གསུངས་ཡོད་པ་རེད།
ཐེ་ཝན་གྱི་སྲིད་འཛིན་ལྕམ་ཚད་དབྱིང་འོན་གྱིས་ཐེ་ཝན་མཚོ་དམག་གི་དམག་དོན་སྦྱོང་བརྡར་དེ་བཞིན་རྒྱུན་ལྡན་གྱི་དམག་དོན་སྦྱོང་བརྡར་ཞིག་ཡིན་པ་ལས་དམག་དོན་གྱི་འགྲན་རྩོད་སོགས་ཀྱི་རྣམ་པ་གང་ཡང་མེད་ལུགས་དང་། དམག་དཔུང་གིས་ཐེ་ཝན་སྲུང་སྐྱོབ་བྱ་རྒྱུ་ནི་འོས་འགན་ཞིག་ཡིན་པ གསར་འགོད་པས་ད་རེས་ཐེ་ཝན་གྱི་མཚོ་ཐོག་དམག་དཔུང་གི་དམག་དོན་སྦྱོང་བརྡར་བྱེད་ཡས་དེ་རྒྱ་ནག་དང་འགྲན་རྩོད་བྱས་པ་ཞིག་ཡིན་མིན་སྐོར་བཀའ་དྲི་ཞུས་པའི་སྐབས་ལན་འདེབས་གནང་འདུག
ཐེ་ཝན་གྱི་སྲིད་འཛིན་ཚཡི་དབྱིང་ཝན་མཆོག་ཕྱི་ཟླ་བཞི་པའི་ཚེས་༢༡ཉིན་ནས་ཨ་ཕེ་རི་ཀའི་ཡུལ་གྲུ་ཁག་ཅིག་ནང་རྒྱལ་དོན་འཚམས་གཟིགས་སུ་ཕེབས་འཆར་ཡོད་པ་དང་། འོན་ཀྱང་རྒྱ་ནག་གིས་ཐེ་ཝན་མཚོ་ཁར་དམག་དོན་སྦྱོང་བརྡར་བྱ་རྒྱུའི་འཆར་གཞི་དེས་ཁོང་གི་མཛད་འཆར་ལ་འགྱུར་བ་གང་ཡང་མེད་པ་གསུངས་འདུག་ལ།  ད་དུང་ཁོང་གིས་ཐེ་ཝན་གྱི་རྒྱ་ནག་ལས་དོན་ལྷན་ཁང་གིས་རྒྱ་ནག་གཞུང་གིས་ཐེ་ཝན་མཚོ་འགག་དུ་དམག་དོན་སྦྱོང་བརྡར་བྱ་རྒྱུ་ཕྱིར་བསྒྲགས་བྱས་པ་དེས།  ཐེ་ཝན་མི་མང་ལ་འཇིགས་སྐུལ་གང་ཡང་ཐེབས་རྒྱུ་མིན་ལ།  དེ་བས་རྒྱ་ནག་གཞུང་གིས་དྲག་པོའི་འཇིགས་སྐུལ་བྱེད་མཚམས་བཞག་ནས་ཕྱོགས་གཉིས་དབར་གྱི་གནད་དོན་ཞི་བའི་ཐོག་ནས་སེལ་ཐབས་དགོས་ལུགས་གསུངས་ཡོད་པ་རེད།

གསར་འགོད་པ་འཆི་མེད།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་སྐད་ཡིག་སྡེ་ཚན་ཕལ་ཆེ་བ་སྒོ་བརྒྱབ་རྒྱུའི་གསལ་བསྒྲགས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཨ་རྒྱ་གཉིས་ཀྱི་ཚོང་དམག་ཁྲོད་བཟོ་གྲྭ་མང་པོ་སྒོ་བརྒྱབ་པའི་རྐྱེན་གྱིས་རྒྱ་ནག་གི་ས་ཁུལ་གང་སར་ལས་མིས་ངོ་རྒོལ་བྱེད་བཞིན་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎