སུད་སི་གྲོས་ཚོགས་ཀྱི་སྐུ་ཚབ་ཚོགས་ཆུང་བཞུགས་སྒར་དུ་ཕེབས་རྒྱུ།


2017.03.11
སུད་སིའི་གྲོས་ཚོགས་ཀྱི་སྐུ་ཚབ་ཚོགས་ཆུང་ཞིག་བཞུགས་སྒར་དུ་ཕེབས་རྒྱུ། ཕྱི་ཟླ་ ༣ ཚེས་ ༩ ཉིན་སུད་སིའི་གྲོས་ཚོགས་ཀྱི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་མི་ ༢༢ ཙམ་ནས་རྒྱལ་ཡོངས་གྲོས་ཚོགས་ཀྱི་མདུན་དུ་བོད་མིར་རྒྱབ་སྐྱོར་གནང་ཡོད་པ།
དབུས་བོད་མིའི་སྒྲིག་འཛུགས་ཀྱི་དྲ་གནས།

༄༅། །སུད་ཛར་ལེནཌ་རྒྱལ་ཡོངས་གྲོས་ཚོགས་ནང་གི་བོད་དོན་རྒྱབ་སྐྱོར་ཚོགས་པའི་སྐུ་ཚབ་ཚོགས་ཆུང་ཞིག་རིང་མིན་བཞུགས་སྒར་རྡ་རམ་ས་ལར་འཚམས་གཟིགས་གནང་རྒྱུ་ཡིན་པ་དབུས་བོད་མིའི་སྒྲིག་འཛུགས་ཀྱི་དྲ་རྒྱའི་ཐོག་གནས་ཚུལ་སྤེལ་འདུག།
འདི་ལོ་ཕྱི་ཟླ་ ༡ ནང་རྒྱ་ནག་གི་སྲིད་འཛིན་ཞི་ཇིན་པིང་སུད་ཛར་ལེན་ཌིར་རྒྱལ་དོན་འཚམས་གཟིགས་ཕེབས་སྐབས། སུད་སིའི་ཉེན་རྟོག་པས་རྒྱ་ནག་གི་སྲིད་འཛིན་ལ་ངོ་རྒོལ་གྱི་ལས་འགུལ་སྤེལ་མཁན་བོད་མི་ཚོའི་ཐོག་དམིགས་བསལ་དམ་དྲག་བྱས་པ་སོགས་ཀྱི་གནས་ཚུལ་མང་དག་ཅིག་བྱུང་ཡོད་ལ། ཉེན་རྟོག་པའི་ཐོག་གྱོད་གཏུག་ཡང་བྱས་ཡོད་པ་རེད། དེ་དང་ཕྱོགས་མཚུངས་རྒྱ་ནག་གི་སྲིད་འཛིན་སུད་ཛར་ལེན་ཌིར་འཚམས་གཟིགས་ཕེབས་པའི་གནད་དོན་དང་བསྟུན་རྒྱ་ནག་ཁྱོན་ཡོངས་ཀྱི་འགྲོ་བ་མིའི་ཐོབ་ཐང་གི་གནས་བབས་དང་། བྱེ་བྲག་ཏུ་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་ཐད་སུད་སིའི་སྲིད་དོན་མི་སྣ་ཚོས་དོ་སྣང་བྱེད་ཤུགས་ཆེ་རུ་སོང་ཡོད་པར་ཡིད་ཆེས་བྱེད་བཞིན་ཡོད་པ་རེད།
ཕྱི་ཟླ་ ༣ ཚེས་ ༩ ཉིན་སུད་སིའི་གྲོས་ཚོགས་ཀྱི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་མི་ ༢༢ ཙམ་ནས་རྒྱལ་ཡོངས་གྲོས་ཚོགས་ཀྱི་མདུན་བོད་ཀྱི་རྒྱལ་དར་ཕྱར་ཏེ། བོད་དང་བོད་མིར་རྒྱབ་སྐྱོར་ཡོད་མཚོད་ཆེད་གལ་ཆེའི་རྣམ་འགྱུར་ཞིག་བཏོན་འདུག་ལ། སུད་སིའི་གྲོས་ཚོགས་ཀྱི་ཚོགས་མི་སྐུ་ཞབས་ Angelo Barrile  ཡིས་ཕྱི་ཚེས་ ༩ ཉིན་སུད་སིའི་རྒྱལ་ཡོངས་གྲོས་ཚོགས་ནང་བོད་དོན་སྐོར་གླེང་སློང་གནང་འདུག་ཅིང་། ཁོང་གིས་སུད་སི་དང་རྒྱ་ནག་དབར་གཞུང་འབྲེལ་གྱི་ཐོག་ནས་འགྲོ་བ་མིའི་ཐོབ་ཐང་ཐད་ཀྱི་བགྲོ་གླེང་ཐེངས་ ༡༥ དེ་གནང་སྐབས། བོད་མི་ཆབ་སྲིད་བཙོན་པ་བྱེ་བྲག་པ་སུ་དང་སུའི་སྐོར་གླེང་སློང་བྱུང་མེད་དང་། སུད་སིའི་སྐུ་ཚབ་ཚོགས་པ་བརྒྱུད་སུད་ཛར་ལེནཌ་ནང་ཡོད་པའི་བོད་མི་ཚོས་རྒྱ་ནག་གཞུང་ལ་ཞུ་གཏུག་ཡི་གེ་ཞིག་སྤྲད་ཡོད་པ་དེའི་སྐོར་གསལ་བཤད་གནང་མིན་སོགས་དྭོགས་འདྲི་གནང་འདུག།
དབུས་བོད་མིའི་སྒྲིག་འཛུགས་ཀྱི་དྲ་རྒྱའི་ཐོག་གནས་ཚུལ་བཀོད་པར་གཞིགས་ན། སུད་སིའི་གྲོས་ཚོགས་ཀྱི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་མིས་བསྡུས་པའི་སྐུ་ཚབ་ཚོགས་ཆུང་དེ་བཞིན། ཕྱི་ཟླ་ ༣ ཚེས་ ༢༦ ནས་ ཕྱི་ཟླ་ ༤ ཚེས་ ༣ བར་རྡ་རམ་ས་ལའི་ཁུལ་འཚམས་གཟིགས་གནང་རྒྱུ་ཡིན་འདུག།

གསར་འགོད་པ་འགན་འཛིན་གཞོན་པ་སྐལ་ལྡན་བློ་གྲོས།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོའི་གསེར་ཁྲི་མངའ་གསོལ་མཛད་སྒོའི་སྐབས་ཀྱི་གནས་སྟངས་གསལ་བའི་ཆུ་ཚོན་རི་མོ་ངོ་མ་ ༤༠ ཚོང་སྒྱུར་གནང་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎