སུད་སི་ཡུལ་ནང་ཚོང་བའི་ཁ་ཟས་ལ་རྫས་འགྱུར་ཐོན་ཡོད་སྐོར།
2008.10.13
༄༅༎སུད་སི་གཞུང་གི་དཔོན་རིགས་རྣམས་ཀྱི་ཐའེ་ལེན་དང་ཤྲི་ལང་ཀ་ཡུལ་གཉིས་ནས་ཕྱིར་ཚོང་བྱེད་པའི་ཁ་བཟས་སྦིསི་ཁིཊི་ནང་རྫས་འགྱུར་མེའེ་ལ་མིན་ཞེས་པ་དེ་ཤུགས་ཆེ་ཐོན་ཡོད་སྐོར་གསུང་པ་དང་ཡོ་རོབ་ཀྱི་ཡུལ་གྲུ་གཞན་ཁག་གིས་ཁ་བཟས་དེ་དག་ཕྱིར་ཚོང་བྱེད་རྒྱུ་མཚམས་འཇོག་གནང་དགོས་པའི་འབོད་བསྐུལ་གནང་ཡོད་པ་རེད་
སུད་སི་ཁེན་ཊོན་མངའ་སྡེའི་དཔོན་རིགས་རྣམས་ཀྱིས་བརྟག་དཔྱད་གནང་བའི་འབྲས་བུར་ཐའེ་ལེན་ནས་བཟོས་པའི་ཁ་བཟས་མིལྐ་ཁུ་ཀིསི་ཞེས་པ་དང་ཤྲི་ལང་ཀ་ནས་བཟོས་པའི་ལེ་མེན་པ་ཕི་ཞེས་པའི་ནང་རྫས་འགྱུར་མེའེ་ལ་མིན་ཤུགས་ཆེ་ཐོན་ཡོད་སྐོར་གསུང་འདུག ཡང་སུད་སི་དཔོན་རིགས་རྣམས་ཀྱིས་གོང་ཞུས་ཀྱི་ཁ་བཟས་དེ་ཡོ་རོབ་གླིང་ཆེན་ནང་འགྲེམས་ཚོང་བྱེད་མཁན་གྱི་ཚན་པ་ཁག་ཀྱང་ངོས་བཟུང་ཡོད་སྐོར་གསུང་འདུག ཡང་གནས་ཚུལ་ནང་འཁོད་དོན་ལ་གཞིགས་ན་སུད་སི་དཔོན་རིགས་རྣམས་ཀྱི་ཕྲུ་གུ་མ་སྦྱར་ལ་སྤྲོད་རྒྱུའི་འོ་མ་བཅུ་གྲངས་ཤིག་རྟོག་ཞིབ་གནང་བའི་འབྲས་བུར་གོང་ཞུས་ཀྱི་རྫས་བསྒྱུར་དེ་ཐོན་མེད་པ་གཟིགས་ཡོད་པ་རེད་ ཉེ་ལམ་ཕྲུ་གུའི་འོ་མའི་ནང་རྫས་འགྱུར་མེའེ་ལ་མིན་ཞེས་པ་དེ་ཐོན་པའི་གནས་ཚུལ་དེས་རྒྱ་ནག་གི་ཕྲུ་གུ་བཞིའི་ཚེ་སྲགོ་ལེན་ཡོད་པ་དང་ཕྲུག་གྲངས་༥༤༠༠༠ལ་ན་ཚ་ཕོག་པ་བཟོས་ཡོད་པ་རེད།