སུཝེ་ཌེན་གྲོས་ཚོཊ་ནང་བོད་དོན་རྒྱབ་སྐྱོར་ཚོཊ་པ་གསར་འཛུགས།


2017.03.30
སུཝེ་ཌེན་རྒྱལ་ཁབ་ཀྱི་གྲོས་ཚོགས་ནང་གསར་འཛུགས་བྱུང་བའི་བོད་དོན་རྒྱབ་སྐྱོར་ཚོགས་པ། ༢༠༡༧།༣།༢༨ སུཝེ་ཌེན་རྒྱལ་ཁབ་ཀྱི་གྲོས་ཚོགས་ནང་གསར་འཛུགས་བྱུང་བའི་བོད་དོན་རྒྱབ་སྐྱོར་ཚོགས་པ། ༢༠༡༧།༣།༢༨
tibet.net

སུཝེ་ཌེན་རྒྱལ་ཁབ་ཀྱི་གྲོས་ཚོགས་ནང་བོད་དོན་རྒྱབ་སྐྱོར་ཚོགས་པ་ཞིག་གསར་འཛུགས་གནང་ཐུབ་པ་བྱུང་འདུག
དེ་ཡང་བོད་མིའི་སྒྲིག་འཛུགས་ཀྱི་གཞུང་འབྲེལ་དྲ་རྒྱའི་ཐོག་གནས་ཚུལ་སྤེལ་བར་གཞིགས་ན། སྤྱི་ཟླ་ ༣ ཚེས་ ༢༨ ཉིན་སུཝེ་ཌེན་རྒྱལ་ཡོངས་གྲོས་ཚོགས་ཀྱི་འཐུས་མི་ལྕམ་ (Magareta Cederfelt) མ་ག་རེ་ཏ་ སེ་རྡར་ཧྥེལཊ་དང་། ལྕམ་ཀརེསི་ཊིན་ལུདྷ་གེརེན་ (Kerstin Lundgren) སྐུ་ཞབས་ཀཱརལ་ཤཡེ་ལར་(Carl Schyler། ལྕམ་ཊཱི་ན་ཨ་ཀེ་ལོཕྷཊ་ (Tina Ackerloft) ལྕམ་ཀེ་རོ་ལི་ནེ་ སཛཡེ་སྦར་ (Caroline Szyber) རྣམ་པ་ཐོུང་གི་ཐོག་ནས་ སུཝེ་ཌེན་གྲོས་ཚོགས་ཀྱི་བོད་ཀྱི་གྲོགས་པོ་ཚོགས་པའམ། སེུཝེ་གྲོས་ཚོགས་ཀྱི་བོད་དོན་རྒྱབ་སྐྱོར་ཚོགས་པ་ཞིག་གསར་བཙུགས་གནང་འདུག
ཚོགས་པ་འདི་གསར་བཙུགས་རྗེས་ཀྱི་ཚོགས་འདུ་ཐེངས་པོའི་ཐོག་སུཝེ་ཌེན་བོད་དོན་རྒྱབ་སྐྱོར་ཚོགས་པ་ (Swedish Tibet Committee) འི་རྒྱུན་ལས་ཚོགས་མི་ཧ་ན་ཤཱལ་མན་དང་། སུཝེ་ཌེན་བོད་རིགས་ཚོགས་པའི་ཚོགས་གཞོན་འཇམ་དབྱངས་ཆོས་སྒྲོན་ལགས། ཚོགས་མི་བསྟན་འཛིན་བདེ་སྐྱིད་ལགས་བཅས་ལྷན་ཞུགས་གནང་འདུག
སྐབས་དེར་གྲོས་ཚོགས་ཀྱི་འཐུས་མི་ལྕམ་མ་ག་རེ་ཏ་ སེ་རྡར་ཧྥེལཊ་ལགས་ཀྱིས། སུཝེ་ཌེན་གྲོས་ཚོགས་ནང་བོད་དོན་ཐད་རྒྱབ་སྐྱོར་གནང་མཁན་མང་པོ་ཡོད་སྟབས། བོད་ཀྱི་གནད་དོན་འདི་བཞིན་སུཝེ་ཌེན་གྱི་གྲོས་ཚོགས་ནང་གླེང་སློང་དགོས་པ་གལ་ཆེན་པོ་ཡིན་པའི་སྐོར་གསལ་བཤད་གནང་པར་མ་ཟད། ཚོགས་འདུའི་ཐོག་བོད་ཀྱི་གནད་དོན་ཐད་གོ་རྟོག་སྤེལ་ཆེད་རིང་མིན་བོད་དང་འབྲེལ་བའི་ཚོགས་འདུ་ཞིག་བསྐོང་ཚོགས་གནང་རྒྱུར་མོས་མཐུན་བྱུང་འདུག
སུཝེ་ཌེན་བོད་རིགས་ཚོགས་པའི་ཚོགས་གཞོན་འཇམ་དབྱངས་ཆོས་སྒྲོན་ལགས་ཀྱིས། བོད་དོན་དང་འབྲེལ་བའི་འཕེལ་རྒྱས་ཀྱི་གནས་ཚུལ་གསར་པ་འདིའི་ཐད་ཧ་ཅང་གི་དགའ་ཚོར་ཆེན་པོ་བྱུང་བ་དང་། བོད་དང་འབྲེལ་བའི་ལས་འགུལ་མང་ཙམ་ཡོང་རྒྱུར་རེ་བ་ཡོད་པ་གསུངས་འདུག

གསར་འགོད་པ་ཕྲེང་རིང་བསྟན་ནོར་དང་། འགན་འཛིན་གཞོན་པ་སྐལ་ལྡན་བློ་གྲོས།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བྱེས་ཀྱི་གདན་ས་བཀྲིས་ལྷུན་པོ་གཙོས་པའི་བོད་མི་གནས་སྡོད་ས་གནས་ཁག་ཏུ་༸པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་གི་འཁྲུངས་སྐར་སྲུང་བརྩི་ཞུས།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎