ལྕམ་ཨང་སན་སུ་ཆི་མཆོག་རྒྱ་ནག་ཏུ་ཕེབས་འབྱོར་གནང་ཡོད་པ།


2015.06.10
ལྕམ་ཨང་སན་སུ་ཆི་རྒྱ་ནག་ལ་ཕེབས་འབྱོར་སྐབས། ༢༠༡༥།༦།༡༠ ལྕམ་ཨང་སན་སུ་ཆི་རྒྱ་ནག་ལ་ཕེབས་འབྱོར་སྐབས། ༢༠༡༥།༦།༡༠
AFP

ལྕམ་ཨང་སན་སུ་ཆི་ཡིས་རྒྱ་ནག་གི་དབུ་ཁྲིད་མཉམ་ཞི་བའི་གཟེངས་རྟགས་ཐོབ་མཁན་ལུའུ་ཞོ་པོ་ཡི་སྐོར་གླེང་མིན་ལ་གླེང་མོལ་ཡོང་བཞིན་པ།
དེ་ཡང་འབར་མའི་ཕྱོགས་འགལ་ཚོགས་པའི་དབུ་ཁྲིད་ལྕམ་ཨང་སན་སུ་ཆི་མཆོག་རྒྱ་ནག་ཏུ་ཕེབས་འབྱོར་གནང་ཡོད་པ་དང་། འགྲོ་བ་མིའི་ཐོབ་ཐང་ལས་འགུལ་བ་ཚོས་ཁོང་ལ་རྒྱ་ནག་གི་དབུ་ཁྲིད་རྣམས་ལ་ནོ་བེལ་ཞི་བའི་གཟེངས་རྟགས་འབུལ་བཞེས་བྱུང་བ་ད་ལྟ་རྒྱ་ནག་གི་བཙོན་ཁང་ནང་ཡོད་པ་རྒྱ་རིགས་ལུའུ་ཞོ་པོ་གློད་གྲོལ་ཡོང་ཐབས་སྐོར་གླེང་སློང་གནང་དགོས་པའི་འབོད་སྐུལ་ཞུས་ཡོད་པར་སོང་། གལ་སྲིད་ཁོང་གིས་གླེང་སློང་གནང་ཚེ་འབྲས་བུ་ཐོན་མིན་སྐོར་གསར་འགོད་པས་རྒྱ་གཞུང་ལ་བཀའ་འདྲི་ཞུས་པར་རྒྱ་ནག་གཞུང་གིས་དེ་ཐོག་དགོངས་བཞེས་གནང་རྒྱུ་མིན་སྐོར་གསུངས་འདུག དེ་ཡང་རྒྱ་ནག་ཕྱི་སྲིད་ལས་ཁུངས་ཀྱི་མགྲིན་ཚབ་པ་ཧོང་ལིས་ཟེར་བས། རྒྱ་ནག་གི་ཁྲིམས་ལུགས་གཞིར་བཟུང་ཐག་གཅོད་བྱས་ཟིན་པ་ཞིག་ལ་བསྐྱར་དུ་འགྱུར་བ་གཏོང་དགོས་པའི་རྒྱུ་མཚན་གང་ཡང་ཡོད་པ་མ་རེད་ཅེས་བཤད་འདུག ལུའུ་ཞི་པོ་ལགས་ཀྱིས་ཕྱི་ལོ་༢༠༠༩ལོར་ཆབ་སྲིད་ཚོགས་པ་གཅིག་གིས་རྒྱ་ནག་དབང་བསྒྱུར་བྱེད་བཞིན་པའི་ལམ་ལུགས་དེར་འགྱུར་བ་གཏོང་དགོས་པའི་ས་རྟགས་བསྡུ་རུབ་བྱས་པར་བརྟེན་ཁོང་ལ་རྒྱལ་ཁབ་མགོ་རྟིང་སློག་རྩིས་བྱས་པའི་ཉེས་འཛུགས་བྱས་ནས་མི་ལོ་༡༡ཀྱི་ལོ་དུས་ཁྲིམས་ཐག་བཅད་ནས་ད་ལྟ་བཙོན་ཁང་ནང་ཡོད་བཞིན་པ་རེད།
འདི་ལོའི་ཕྱི་ཟླ་༡༡ནང་མ་ཡན་མར་གྱི་རྒྱལ་ཡོངས་འོས་བསྡུའི་ནང་། ཕྱོགས་འགལ་མང་གཙོ་ཚོགས་པར་རྒྱལ་ཁ་ཐོབ་པའི་རེ་བ་ཆེན་པོ་ཡོད་སྟབས་རྒྱ་ནག་གཞུང་གིས་འབར་མའི་མང་གཙོ་ཚོགས་པ་དང་ལྷན་དུ་འབྲེལ་བ་གནང་བཞིན་པ་ཞིག་ཡིན་པ་དང་། རྒྱ་ནག་ཕྱི་སྲིད་ལས་ཁུངས་ཀྱི་མགྲིན་ཚབ་པ་ཧོང་ལིས་ཟེར་བས། ལྕམ་ཨང་སན་སུ་ཆི་མཆོག་རྒྱ་ནག་ཏུ་ཕེབས་དགོས་དོན་ནི། ཡུལ་གྲུ་གཉིས་ཕན་ཚུན་ཡིད་ཆེས་དང་བསམ་ཤེས་ཆེ་རུ་གཏོང་ཐབས་གནང་ནས་ཕན་ཚུན་གཉིས་ཕན་ཆེད་ཕྱོགས་ཚང་མའི་ཐོག་ཡར་རྒྱས་གཏོང་ཐབས་སུ་འབད་བརྩོན་གནང་ཆེད་ཡིན་སྐོར་བཤད་འདུག ལྕམ་ཨང་སན་སུ་ཆི་མཆོག་བདུན་ཕྲག་འདི་ཆ་ཚང་རྒྱ་ནག་ནང་བཞུགས་རྒྱུ་ཡིན་འདུག

གསར་འགོད་པ་ཚེ་དབང་དངོས་གྲུབ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བཙན་བྱོལ་ནང་གི་མི་རབས་གཞོན་པ་རྣམས་ལ་བོད་ནང་གི་ཛ་དྲག་གནས་སྟངས་ངོ་སྤྲོད་བྱ་ཆེད། སྙིང་སྟོབས་ཀྱི་འབོད་སྒྲ ཅེས་པའི་གཏམ་བརྗོད་གཟིགས་འབུལ་ཞུ་བཞིན་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎