འབར་མའི་ལྕམ་སུའུ་ཆི་ཡོ་རོབ་ཁུལ་གཟིགས་བསྐོར་གནང་བཞིན་པ།

འབར་མའི་དམངས་གཙོའི་དབུ་ཁྲིད་ལྕམ་ཨང་སན་སུའུ་ཆི་ཞི་བདེའི་གླེང་སྟེགས་ཐོག་ལ་མཉམ་ཞུགས་གནང་ཡོད་པ་རེད་

2012.06.18

༄༅༎དེང་སང་ཡོ་རོབ་ཀྱི་རྒྱལ་ཁབ་ལྔའི་ནང་གཟིགས་བསྐོར་གནང་བཞིན་པ་འབར་མའི་དམངས་གཙོའི་དབུ་ཁྲིད་ལྕམ་ཨང་སན་སུའུ་ཆི་མཆོག་གིས་དེ་རིང་ནོར་ལྦེ་རྒྱལ་ས་ཨོ་སོ་ལོའི་ནང་གླུ་གར་རོལ་དབྱངས་མཁན་དང་ འགྲོ་བ་མིའི་ཐོབ་ཐང་སྤྱི་དང་བྱེ་བྲག་ལྕམ་ཨང་སན་སུ་ཅི་སྐུ་ཉིད་ཀྱི་རང་དབང་དང་ཐོབ་ཐང་ཐད་རྒྱུན་སྲིང་རྒྱབ་སྐྱོར་གནང་མཁན་ཡུའུ་ཀྲུ་(U2)ཞེས་པའི་གླུ་གཞས་རུ་ཁག་གི་གཞས་པ་གཙོ་བོ་སྐུ་ཞབས་སྦོ་ནོ་ཡིས་གཙོས་པས་གནད་ཡོད་མི་སྣ་བརྒྱ་ལྷག་མཉམ་དུ་ཆབ་སྲིད་འཕོ་འགྱུར་གཏོང་རྒྱུར་གྲོས་མོལ་གྱི་ནུས་པ་ཞེས་པའི་བརྗོད་གཞིའི་སྟེང་འབར་མའི་ནང་དང་ ཨ་རབ་རྒྱལ་ཁབ་ཁག་ནང་ཆབ་སྲིད་ཀྱི་འགྱུར་བགྲོད་ཧ་ཅང་མྱུར་པོར་འགྲོ་བཞིན་པའི་སྐོར་ཞི་བདེའི་གླེང་སྟེགས་ཐོག་ལ་མཉམ་ཞུགས་གནང་ཡོད་པ་རེད་ ཞི་བདེའི་མཛད་སྒོའི་རྗེས་སུ་སྦོ་ནོ་ལགས་ཀྱི་སྒེར་གྱི་གནམ་གྲུའི་ནང་ ལྕམ་ཨང་སན་སུའུ་ཆི་མཆོག་གིས་ནོར་ལྦེ་གྱི་ཕྱི་སྲིད་བློན་ཆེན་ལྷན་དུ་ཨ་ཡར་ལེནདྲ་གྱི་རྒྱལ་ས་ཌབ་ལིན་དུ་ཕེབས་ཏེ་གྲོང་ཁྱེར་དེའི་ནང་འཛམ་གླིང་གི་ཆབ་སྲིད་ཉེས་ཡངས་ཚོགས་པས་གོ་སྒྲིག་ཞུས་པའི་གླུ་གར་རོལ་དབྱངས་རྒྱས་འཛོམས་ཨེ་ལེཀ་ཀྲི་རིཀ་འབར་མ་(ELECTRIC BURMA)ཞེས་པའི་དགའ་སྟོན་ཐོག་ལྕམ་ཨང་སན་སུའུ་ཆི་མཆོག་ལ་ཆེ་བསྟོད་ཞུ་རྒྱུ་ཡིན་པ་རེད་ གཞས་པ་སྙན་གྲགས་ཅན་ཞིག་ཡིན་པའི་ཐོག་ལ་འགྲོ་བ་མིའི་ཐོབ་ཐང་དང་རང་དབང་ཐོག་རྒྱབ་སྐྱོར་རྒྱུན་སྲིང་གནང་མཁན་སྐུ་ཞབས་སྦོ་ནོ་ཡིས་རང་ཉིད་ཀྱི་དྲ་རྒྱའི་ཐོག་མཛེས་སྡུག་དང་ གཟི་བརྗིད་ཀྱིས་དྲག་པོའི་སྟོབས་ཤུགས་ཟིལ་གྱིས་གནོན་པ་མཐོང་རྒྱུ་ཤིན་ཏུ་དཀོན་པོ་རེད་ བྱས་ཙང་གཟི་སྦྱིན་གྱིས་དྲག་པོའི་ནུས་ཤུགས་བཅོམ་པ་མཐོང་དུས་ང་ཚོས་དགའ་བའི་སྐད་སྒྲ་ཕྱོགས་བཅུར་སྒྲོག་དགོས་ཀྱི་རེད་ཅེས་ མདོ་དོན་དུ་ལྕམ་ཨང་སན་སུའུ་ཆི་མཆོག་གིས་འབར་མའི་དྲག་པོའི་གཞུང་ལ་བློ་མི་ཞུམ་པར་དཔའ་ངར་ལྡན་པའི་ངང་ཁ་གཏད་གཅོག་གནང་བར་བསྔགས་བརྗོད་ཞུས་ཡོད་པ་མཚོན་གྱི་ཡོད་པ་རེད་

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བྱེས་ཀྱི་གདན་ས་བཀྲིས་ལྷུན་པོ་གཙོས་པའི་བོད་མི་གནས་སྡོད་ས་གནས་ཁག་ཏུ་༸པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་གི་འཁྲུངས་སྐར་སྲུང་བརྩི་ཞུས།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎