འབར་མའི་མང་གཙོ་ཚོཌ་པའི་དབུ་ཁྲིད་ཀྱིས་མི་མང་ལ་འབོད་སྐུལ།
2010.10.16
༄༅༎འདི་ལོའི་ཕྱི་ཟླ་༡༡པའི་ཚེས་༧ཉིན་འབར་མའི་ནང་རྒྱལ་ཡོངས་འོས་བསྡུ་བྱེད་འཆར་ཡོད་པ་དེར། མང་ཚོགས་ནས་འདོད་པ་མེད་པའི་རྣམ་འགྱུར་བསྟན་དགོས་ཀྱི་རེད་ཅེས་ཡུལ་དེའི་ཕྱོགས་འགལ་དམངས་གཙོ་ཚོགས་པའི་དབུ་འཁྲིད་ལྕམ་ཨོང་སན་སུ་ཅི་ཡིས་གསུངས་ཡོད་འདུག
དེ་ཡང་ལྕམ་ཨོང་སན་སུ་ཆི་ད་ལྟའི་ཆར་བཟང་བཙོན་དུ་ཡོད་སྟབས། ཁོང་གིས་ཁྲིམས་རྩོད་པ་ནིཡན་ལྦིན་བརྒྱུད་མང་ཚོགས་ལ་འབོད་སྐུལ་ཞིག་གནང་བའི་ནང༌། འབར་མའི་མང་ཚོགས་ཀྱི་འདོད་འདུན་ག་རེ་ཡིན་པ་དེ་ཕྱི་ལོ་༡༩༩༠འོས་བསྡུའི་སྐབས་གསལ་སྟོན་བྱས་ཡོད་ཀྱང༌། སྐབས་དེའི་འོས་བསྡུའི་གྲུབ་འབྲས་ལ་དྲག་པོའི་གཞུང་གིས་བརྩི་འཇོག་མ་བྱས་པར་བརྟེན། འདི་ལོའི་འོས་བསྡུ་དེ་ནི། དེ་སྔ་དྲག་པོའི་གཞུང་གི་བྱེད་སྟངས་ལ་མང་ཚོགས་ཀྱིས་དགྲ་ཤ་སློག་རྒྱུའི་གོ་སྐབས་ཤིག་རེད་ཅེས་གསུངས་ཡོད་འདུག།