འབར་མའི་འོས་བསྡུའི་རྒྱལ་ཁ་ལྕམ་ཨང་སེན་སོའུ་སྐྱིད་ཐོབ་པ།


2015.11.09
འབར་མའི་མང་གཙོ་ཚོགས་པའི་དབུ་ཁྲིད་ལྕམ་Aung San Suu Kyiཡིས་གཏམ་བཤད་གནང་བཞིན་པ། ༢༠༡༥།༡༡།༩ འབར་མའི་མང་གཙོ་ཚོགས་པའི་དབུ་ཁྲིད་ལྕམ་Aung San Suu Kyiཡིས་གཏམ་བཤད་གནང་བཞིན་པ། ༢༠༡༥།༡༡།༩
CITIZENSIDE/PHILIP

འབར་མའི་རྒྱལ་ཡོངས་འོས་བསྡུའི་རྒྱལ་ཁ་ལྕམ་ཨང་སེན་སོའུ་སྐྱིད་ཐོབ་པས་ཡུལ་དེའི་དམག་མིའི་དབང་ཤུགས་མཇུག་སྒྲིལ་ཡོང་རྒྱུའི་རེ་བ་བྱེད་བཞིན་པ།
དེ་ཡང་Myanmarའམ་འབར་མའི་ནང་རྒྱལ་ཡོངས་འོས་བསྡུ་ཆེན་མོའི་ཁྲོད་མང་གཙོ་ཚོགས་པའི་དབུ་ཁྲིད་ལྕམ་Aung San Suu Kyiལ་རྒྱལ་ཁ་ཐོབ་ཡོད་པ་དེས་ད་བར་གྱི་ཡུལ་དེའི་ནང་གི་དམག་མིའི་དབང་ཤུགས་མཇུག་སྒྲིལ་ཡོང་རྒྱུའི་རེ་བ་བྱེད་བཞིན་ཡོད་པ་རེད།
ཁ་ས་ཚེས༨རེས་གཟའ་ཉི་མའི་ཉིན་འབར་མའི་གྲོང་ཁྱེར་Yangonནང་ལོ་རྒྱུས་རང་བཞིན་ལྡན་པའི་འོས་བསྡུ་ཆེན་མོའི་མཇུག་འབྲས་གྲངས་བཤེར་བྱས་པ་བརྒྱུད། འབར་མའི་རྒྱལ་ཡོངས་མང་གཙོ་མནའ་མཐུན་ཚོགས་པའི་དབུ་ཁྲིད་ལྕམ་Aung San Suu Kyiལ་བརྒྱ་ཆ་བདུན་བཅུ་ཐོབ་ནས། ད་རེས་འབར་མའི་ནང་གི་འོས་བསྡུ་དེའི་ཐོག་མང་གཙོ་ཚོགས་པར་རྒྱལ་ཁ་ཐོབ་ཡོད་པ་རེད་ཅེས་མང་གཙོ་ཚོགས་པའི་མགྲིན་ཚབ་པ་སྐུ་ཞབས་Win Htein ཡིས་AFPགསར་འགོད་པར་གསལ་སྟོན་གནང་ཡོད་པ་རེད།
འབར་མའི་མང་གཙོ་ཚོགས་པར་གྲོས་ཚོགས་ནང་ཞབས་སྟེགས་བརྒྱ་ཆ་༦༧་ཐོབ་པ་ཡིན་ན་དེས་མང་མོས་ཚོགས་པ་ཆགས་ཀྱི་ཡོད་པ་རེད། ཡང་ཕྱོགས་གཞན་ཞིག་ནང་ད་རེས་འོས་བསྡུ་ཆེན་མོ་དེའི་ཁྲོད་ད་ལྟའི་འབར་མའི་གཞུང་འཛིན་ཚོགས་པར་བརྒྱ་ཆ་༢༥་ལས་ཐོབ་མེད་པ་དེས་འབར་མའི་མི་མང་གིས་མ་འོངས་པར་དམག་མིའི་དབང་ཤུགས་འོག་སྡོད་འདོད་མེད་པའི་རྣམ་པ་ཤུགས་ཆེ་ཞིག་ཐོན་ཐུབ་པ་བྱུང་ཡོད་པ་རེད།
འབར་མའི་གཞུང་འཛིན་ཆིག་སྒྲིལ་དང་འཕེལ་རྒྱས་ཚོགས་པས་གསུངས་ན། ད་རེས་ཀྱི་འོས་བསྡུ་ཆེན་མོ་དེ་བརྒྱུད་ནས་ཚོགས་པའི་དབུ་ཁྲིད་ཀྱི་ཞབས་སྟེགས་ལ་ཕམ་ཉེས་བྱུང་བར་བལྟས་ན་ཚོགས་པ་དེ་Yangonགྲོང་ཁྱེར་ནས་རིམ་བཞིན་ཕྱིར་འདོན་བྱེད་རྒྱུ་ཡིན་པ་གསུངས་ཡོད་པ་རེད།
འབར་མའི་གཞུང་འཛིན་ཚོགས་པས་འབོད་པའི་ཆིག་སྒྲིལ་དང་། ཡར་རྒྱས་ཞེས་པའི་ཆབ་སྲིད་ཚོགས་པ་དེའི་སྲིད་འཛིན་Thein Seinགཙོ་བོར་གྱུར་བའི་ཚོགས་པའི་ངོས་ནས་ད་རེས་ཀྱི་འོས་བསྡུའི་གྲུབ་འབྲས་ལ་བརྩི་བཀུར་ཞུ་རྒྱུ་ཡིན་ཞེས་ཀྱང་གསལ་སྟོན་གནང་ཡོད་པ་རེད།

གསར་འགོད་པ་དབྱངས་སྒྲོན།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བཙན་བྱོལ་ནང་གི་མི་རབས་གཞོན་པ་རྣམས་ལ་བོད་ནང་གི་ཛ་དྲག་གནས་སྟངས་ངོ་སྤྲོད་བྱ་ཆེད། སྙིང་སྟོབས་ཀྱི་འབོད་སྒྲ ཅེས་པའི་གཏམ་བརྗོད་གཟིགས་འབུལ་ཞུ་བཞིན་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎