འབར་མའི་ལྕམ་ཨན་སན་སུ་ཆི་་གྲོས་ཚོགས་འོས་བསྡུར་གཞུག་རྒྱུ།

འབར་མའི་ལྕམ་སུ་ཆིས་ཡན་གུན་གྱི་ལྷོ་ཕྱོགས་ས་གནས་ཞིག་ནས་དབུས་གཞུང་གི་གྲོས་ཚོགས་ཀྱི་འཐུས་མིའི་འོས་བསྡུའི་ནང་བཞེངས་རྒྱུ།

2011.12.05

༄༅༎འབར་མའི་དམངས་གཙོའི་དབུ་འཁྲིད་ལྕམ་ཨན་སན་སུ་ཆི་མཆོག་འབར་མའི་རྒྱལ་ས་རྙིང་པ་ཡན་གུན་གྱི་ལྷོ་ཕྱོགས་ས་གནས་ཞིག་ནས་དབུས་གཞུང་གི་གྲོས་ཚོགས་ཀྱི་འཐུས་མིའི་འོས་བསྡུའི་ནང་བཞེངས་རྒྱུ་ཡིན་སྐོར་འབར་མ་དམངས་གཙོ་མནའ་འབྲེལ་ཚོགས་པའི་མགྲིན་ཚབ་པས་གསུང་ཡོད་པ་རེད་
འབར་མ་དམངས་གཙོ་མནའ་འབྲེལ་ཚོགས་པའི་མགྲིན་ཚབ་པ་སྐུ་ཞབས་ནིཡེན་ལྦིན་ཡིས་ལྕམ་ཨན་སན་སི་ཆི་མཆོག་ཡན་གུན་གྲོང་ཁྱེར་གྱི་ལྷོ་ཕྱོགས་སུ་ཆགས་པའི་ཀོ་མུའུ་ཞེས་པའི་ས་གནས་ནས་གྲོས་ཚོགས་ཀྱི་འཐུས་མིའི་འོས་བསྡུའི་ནང་བཞེངས་རྒྱུ་ཡིན་ནའང་ད་ལྟའི་ཆར་དམངས་གཙོ་མནའ་འབྲེལ་ཚོགས་པ་དེབ་བསྐྱེལ་བྱེད་རྒྱུ་བསྡད་ཡོད་སྐོར་གསུང་འདུག དགུང་གྲངས་༦༦ལ་སོན་པའི་ནོ་སྦེལ་ཞི་བདེའི་གཟེངས་རྟགས་ཐོབ་མྱོང་མཁན་དང་འབར་མ་དམངས་གཙོ་མནའ་འབྲེལ་ཚོགས་པའི་དབུ་འཁྲིད་ལྕམ་ཨན་སན་སུ་ཆི་མཆོག་ཕྱི་ལོ་ ༡༩༨༨ ལོར་ཕྱི་རྒྱལ་ནས་འབར་མའི་ཡུལ་ནང་ཕྱིར་ལོག་གནང་བའི་རྗེས་ཁོང་ཡུལ་གྱི་སྲིད་དོན་ནང་བཞུགས་བཅུག་མེད་པ་དང་ཁོང་སྔ་ལོ་ལོ་ངོ་ ༢༠ རྗེས་ཡུལ་ནང་རྒྱལ་ཡོངས་འོས་བསྡུ་གནང་བའི་རྗེས་བཟང་བཙོན་ནས་གློད་བཀྲོལ་ཐོབ་གནང་ཡོད་པ་རེད་ འབར་མ་དམངས་གཙོ་མནའ་འབྲེལ་ཚོགས་པ་གོང་ཞུས་འོས་བསྡུ་དེར་ཞུགས་མེད་པ་དང་ཡུལ་གྱི་དྲག་པོའི་གཞུང་ཕྱོགས་ནས་ཀྱང་ཚོགས་པ་འོས་བསྡུའི་ནང་ཞུགས་རྒྱུ་ཁྲིམས་འགལ་བཟོས་ཡོད་པ་རེད་ འདི་ལོ་ཕྱི་ཟླ་ ༣ པའི་ནང་ཡུལ་གྱི་དྲག་པོའི་གཞུང་གིས་གཞུང་ཞི་བའི་མི་མང་མཚོན་དོན་ཙམ་ཡོད་པའི་གཞུང་ཞིག་ལ་རྩིས་སྤྲོད་གནང་བ་དང་དམངས་གཙོ་མནའ་འབྲེལ་ཚོགས་པ་ཡུལ་གྱི་སྲིད་དོན་ནང་ཞུགས་རྒྱུར་དེབ་བསྐྱེལ་གནང་བཞིན་ཡོད་པ་རེད་     ཡུལ་གྱི་གྲོས་ཚོགས་གོང་མ་དང་འོག་མ་གཉིས་ཀྱི་འོས་བསྡུ་དེའི་ཚེས་ཆ་གཏན་འཁེལ་གནང་མེད་ནའང་གྲོས་ཚོགས་ཀྱི་འཐུས་མི་ ༤༨ འོས་འདེམས་གནང་རྒྱུའི་འཆར་གཞི་ཡོད་པ་རེད་

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བཙན་བྱོལ་ནང་གི་མི་རབས་གཞོན་པ་རྣམས་ལ་བོད་ནང་གི་ཛ་དྲག་གནས་སྟངས་ངོ་སྤྲོད་བྱ་ཆེད། སྙིང་སྟོབས་ཀྱི་འབོད་སྒྲ ཅེས་པའི་གཏམ་བརྗོད་གཟིགས་འབུལ་ཞུ་བཞིན་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎