༄༅༎རྒྱ་གར་ཤར་ཕྱོགས་ཀྱི་མངའ་སྡེ་ཨོ་རི་སའི་ནང་མའོ་གྱེན་ལོག་པས་མྱུར་སྐྱོབ་མོ་ཊ་ཞིག་ལ་འབར་རྫས་ཀྱི་དྲག་རྒོལ་ནང་ཉུང་མཐར་མི་གསུམ་རྐྱེན་ལམ་དུ་བཏང་ཡོད་འདུག
རེས་གཟའ་སྤེན་པའི་ཉིན་ཨོ་རི་ས་མངའ་སྡེའི་ཁན་རྡ་མལ་རྫོངས་ཁུལ་གྱི་གཞུང་ལམ་དུ་མྱུར་སྐྱོབ་མོ་ཊ་ཞིག་ས་འོག་འབར་རྫས་གས་ཐོར་གྱིས་མོ་ཊའི་ནང་གི་ནད་པ་གཅིག་དང་བེུད་སྨན་ཞབས་པ་གཅིག་དང་ མོ་ཊའི་ཁ་ལོ་བ་བཅས་གསུམ་རྐྱེན་ལམ་དུ་བཏང་ཡོད་ལུགས་ལྡི་ལི་ནས་ཨེ་པི་གསར་ལས་ཁང་གིས་གནས་ཚུལ་སྤེལ་འདུག བར་ལམ་ཞིག་ནས་མའོ་གྱེན་ལོག་ཤོག་ཁང་གིས་གཞུང་གི་མོ་ཊར་དྲག་རྒོལ་བྱེད་མུས་ཀྱང་མྱུང་སྐྱོབ་མོ་ཊར་རྐང་བཙུགས་ནས་དྲག་རྒོལ་བྱས་མིན་གསལ་པོ་མེད་པའི་ཁར་ད་ལྟའི་འཆར་དྲག་རྒོལ་བ་སུ་ཡིན་ངོས་ལེན་བྱེད་མཁན་ཡང་བྱུང་མི་འདུག།