སྙིང་གི་ན་ཚའི་ཉེན་ཁ་ཆུང་དུ་གཏོང་ཐབས་ཀྱི་སྨན།

པོའོ་ལི་པིལ་ཞེས་པའི་སྨན་དང་ཨེ་སི་པི་རིན་སྨན་ཐུན་ཉུང་ཉུང་ཞིག་མཉམ་དུ་བཟས་པ་ཡིན་ཚེ་སྙིང་གི་ནད་གཞི་སྔོན་འགོག་ལ་ཕན་ཐོག་ཡོད་པ།

2009.03.31

༄༅༎ཨ་མི་རི་ཀའི་ཚན་རིག་ཞིབ་འཇུག་པས་མི་དམངས་བདེ་ཐང་རིགས་ལ་མ་འོངས་པར་སྙིང་གི་ན་ཚ་ཡོང་རྒྱུའི་ཉེན་ཁ་ཆུང་དུ་གཏོང་ཐབས་སུ་པོའོ་ལི་པིལ་ཞེས་པའི་སྨན་དེ་དང་ཨེ་སི་པི་རིན་སྨན་ཐུན་ཉུང་ཉུང་ཞིག་མཉམ་དུ་བཟས་པ་ཡིན་ཚེ་སྨན་དེ་གཉིས་མཉམ་འདེབས་བྱས་པའི་ཁྲག་ཤེད་དམའ་རུ་འགྲོ་བ་དང་ཁྲག་ནང་ཞག་ཚིལ་རིགས་ཉུང་དུ་བཏང་སྟེ་སྙིང་གི་ནད་གཞི་སྔོན་འགོག་ལ་ཕན་ཐོག་ཡོད་པའི་ཞིབ་འཇུག་གི་གྲུབ་འབྲས་བྱུང་ཡོད་པ་གསུང་ཡོད་པ་རེད།

དེ་རིང་ཨ་མི་རི་ཀའི་སྙིང་གི་ནད་གཞིའི་སྐོར་གྱི་ལོ་འཁོར་ཚོགས་འདུའི་ཐོག་ཞིབ་འཇུག་སྨན་པ་རྣམས་ཀྱང་ཚོགས་ཞུགས་གནང་བ་མ་ཟད་ད་རེས་ཀྱི་ཞིབ་འཇུག་ཚོགས་ཆུང་དེའི་སྣེ་ཁྲིད་གནང་མཁན་སྨན་པ་སཱ་ལིམ་ཡུ་སུཕ་ཞུ་བས་གསར་འགོད་པར་པོའོ་ལི་པིལ་ཞེས་པ་དེ་ལ་དམིགས་བསལ་གྱི་སྙིང་གི་ནད་གཞི་ཡོང་བའི་ཉེན་ཁ་ཆུང་དུ་གཏོང་ཐུབ་པའི་ནུས་པ་ལྡན་ཡོད་པ་དང་དེ་ཡང་མི་གང་ཞིག་ལ་སྙིང་གི་ནད་གཞི་བརྒྱ་དྲུག་བཅུ་དང་སྙིང་རྩ་འགག་པའི་ནད་གཞི་ཡོང་རྒྱུར་བརྒྱ་ཆ་དྲུག་བཅུ་ལྷག་སྔོན་འགོག་བྱ་ཐུབ་པའི་དམིགས་བསལ་གྱི་ཕན་ནུས་ལྡན་ཡོད་པའི་སྐོར་གསུང་ཡོད་པ་རེད། སྨན་པ་སཱ་ལིམ་ཡུ་སུཕ་ཡིས་སྣེ་ཁྲིད་པའི་ཞིབ་འཇུག་ཚོགས་ཆུང་དེ་ཡིས་ཕྱི་ལོ་ཉིས་སྟོང་བདུན་ལོའི་ཕྱི་ཟླ་གསུམ་པ་ནས་ཕྱི་ལོ་ཉིས་སྟོང་བརྒྱད་ལོའི་ཕྱི་ཟླ་བརྒྱད་པ་བར་རྒྱ་གར་གྱི་སྙིང་ནད་སྨན་ཁང་ཁག་ཏུ་ཞིབ་འཇུག་བྱས་པ་བརྒྱུད་འདས་པའི་ཟླ་བ་དྲུག་རིང་ལ་པོའོ་ལི་པིལ་ཞེས་པའི་སྨན་དེ་བཞིན་ནད་པར་སྤྲད་དེ་ཞིབ་འཇུག་བྱས་པའི་ནང་དམིགས་བསལ་གྱི་ཁྲག་ཤེར་དམའ་རུ་ཕྱིན་པ་དང་ཁྲག་ནང་གི་ཞག་ཚིལ་ཚད་གཞི་ཉུང་དུ་ཕྱིན་པའི་གནས་ཚུལ་མངོན་གསལ་དོད་པ་བྱུང་ཡོད་ཅིང་ཞིབ་འཇུག་ལས་དོན་དེའི་ནང་ཁོང་རྣམས་ཀྱིས་ནད་པ་ཁྱོན་ཉིས་སྟོང་བརྒྱ་མེད་ལྔ་བཅུ་ང་གསུམ་རུ་ཀག་གསུམ་དུ་ཆ་བགོས་བྱས་ཏེ་པོའོ་ལི་པིལ་ཞེས་པའི་སྨན་དེ་དང་ཨེ་སི་པི་རིན་དེ་བཞིན་ཁྲག་ནང་གི་ཞག་ཚིལ་ཉུང་དུ་གཏོང་བའི་སྨན་ཁག་གསུམ་སོ་སོར་ཚོད་ལྟ་བྱས་པའི་སྐབས་པོའོ་ལི་པིལ་ཞེས་པའི་སྨན་སྤྲད་དེ་ཚོད་བལྟ་བྱེད་ཡུལ་གྱི་ནད་པའི་རུ་ཁག་དེར་དམིགས་བསལ་གྱི་ཁྲག་ཤེད་ཧ་ཅང་གི་དམའ་རུ་ཕྱིན་ཏེ་ནུས་པ་ཆེན་པོ་ཐོན་ཡོད་པའི་སྐོར་གསུང་ཡོད་པ་རེད།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བོད་ནང་གི་རྫ་སྟོད་རྫོང་གི་ས་འགུལ་ཁྲོད་མི་རྒྱུ་གཉིས་ལ་གནོད་སྐྱོན་བྱུང་མེད་སྐོར། བོད་ནང་གི་བོད་མིས་འགྲེལ་བརྗོད་གནང་གི་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎

མཆན།

Anonymous
Sep 06, 2017 03:09 AM

polypill

Anonymous
Sep 04, 2017 10:17 AM

སྨན་དེའི་མིང་དབྱིན་ཇིའི་ནང་དུ་བྲིས་ནས་གཏོང་རོགས།