ཀླུ་ཆུའི་སློབ་ཆེན་མཐར་ཕྱིན་སློབ་མ་དང་ཁྱིམ་བདག་ཕ་མ་ཚོས་ཞུ་འབོད།


2015.01.07
ཀླུ་ཆུ་རྫོང་བོད་རིཊ་སློབ་འབྲིང་གི་སློབ་མ་དང་ཁྱིམ་བདག་ཕ་མ་ཚོས་རྫོང་སྲིད་གཞུང་ལ་དྲང་བདེན་དགོས་པའི་ཞུ་འབོད་ངོ་རྒོལ་གནང་བཞིན་པ། ༢༠༡༥།༡།༧ ཀླུ་ཆུ་རྫོང་བོད་རིཊ་སློབ་འབྲིང་གི་སློབ་མ་དང་ཁྱིམ་བདག་ཕ་མ་ཚོས་རྫོང་སྲིད་གཞུང་ལ་དྲང་བདེན་དགོས་པའི་ཞུ་འབོད་ངོ་རྒོལ་གནང་བཞིན་པ། ༢༠༡༥།༡།༧
བོད་འབྱོར།

ཀླུ་ཆུ་རྫོང་ཁོངས་ཀྱི་སློབ་ཆེན་མཐར་ཕྱིན་སློབ་མ་དང་ཁྱིམ་བདག་ཕ་མ་ཚོས་རྫོང་སྲིད་གཞུང་ལ་དྲང་བདེན་དགོས་པའི་ཞུ་འབོད་ངོ་རྒོལ་གནང་བཞིན་པ་རེད།
དེ་ཡང་བོད་ནས་གནས་ཚུལ་འབྱོར་དོན། མདོ་ལྷོ་ཁུལ་ཀླུ་ཆུ་རྫོང་ཁོངས་ཀྱི་སློབ་ཆེན་མཐར་ཕྱིན་སློབ་མ་ཚོའི་ལས་འཚོལ་གཅིག་གྱུར་ཡིག་རྒྱུགས་རྒྱ་ནག་གི་འབྲེལ་ཡོད་ཚན་པའི་མི་སྣས་བརྐུས་ནས་གསང་བའི་ཐོག་ཕྱི་ལ་བཙོང་པ་དང་། ས་གནས་གཞན་པའི་མི་ཚོ་ས་གནས་ཀྱི་ལས་འཚོལ་ཚུད་རྒྱུགས་ཁོངས་སུ་བཅུག་ནས་ས་གནས་ཡུལ་མི་སློབ་ཆེན་པ་ཚོའི་གོ་སྐབས་ཤོར་བཞིན་པའི་གནས་ཚུལ་སློབ་མ་དང་ཁྱིམ་བདག་ཕ་མ་ཚོས་ཤེས་རྟོགས་བྱུང་རྗེས་ཉེ་བའི་སྤྱི་ཟླ་༡༢བའི་ཚེས་༢༨ཉིན་ནས་མུ་མཐུད་སློབ་མ་དང་ཁྱིམ་བདག་ཕ་མ་མི་ཉུང་བ་རྫོང་སྲིང་གཞུང་གི་སྒོ་འགྲམ་ལ་འཛོམས་ནས་ང་ཚོར་སྐར་གྲངས་ཅི་ལྟར་མཐོ་རུང་ཁྱེད་ཚོར་སྒོར་མོ་དེ་ལྟར་མང་བས་ང་ཚོ་འབྱོར་མེད་ཚོར་གོ་སྐབས་མི་འདུག་ཅེས་ཞུ་འབོད་ལས་འགུལ་སྤེལ་བ་ནས་ད་བར་ཉིན་གྲངས་བཅུ་ལྷག་ཕྱིན་ཡོད་པར་ཞུ་འབོད་ལས་འགུལ་ནང་མཉམ་ཞུགས་བྱེད་མཁན་ཇེ་མང་ལ་སོང་ཡོད་པ་རེད། ཟླ་བ་འདི་ཚེས་༧ཉིན་སློབ་མ་དང་ཁྱིམ་བདག་ཕ་མ་བརྒྱ་ཕྲག་བརྒལ་བ་རྫོང་སྲིད་གཞུང་གི་ལས་ཁུངས་ལ་འཛོམས་ནས་རྫོང་དཔོན་ལས་ཁུངས་མདུན་དྲང་བདེན་དང་འདྲ་མཉམ་དགོས་བའི་ཞུ་འབོད་ལས་འགུལ་སྤེལ་བར་ཉིན་གང་སྒུག་ཀྱང་རྫོང་དཔོན་ལས་ཁུངས་ལ་འབྱོར་མེད་པར་བརྟེན་ཁོང་ཚོས་དྲང་བདེན་གྱི་ཐག་གཅོད་མ་བྱུང་བར་མུ་མཐུད་ངང་སྒུག་གནང་རྒྱུ་དང་། དྲང་བདེན་གྱི་ཐག་གཅོད་མ་བྱུང་ཚེ་གོང་རིམ་ཞིང་ཆེན་དང་ཀྲུང་དབྱང་ལ་ཞུ་གཏུགས་བྱེད་རྒྱུ་ཡིན་ཚུལ་བརྙན་ཐུང་ནང་བརྗོད་བཞིན་པ་རེད། ས་གནས་བོད་མི་ཞིག་གིས་བརྗོད་དོན། ཀླུ་ཆུ་རྫོང་སྲིད་གཞུང་གིས་ས་གནས་ཡུལ་མི་མང་ཚོགས་ཀྱི་བདེ་སྡུག་ལ་བལྟ་རྟོགས་ཡག་པོ་མི་བྱེད་པའི་དཀའ་ངལ་འདིའི་རིགས་ཡང་ཡང་ཡོང་གི་ཡོད་པ་དང་། ད་ཐེངས་འབྲེལ་ཡོད་ཚན་པའི་མི་སྣས་རྒྱུགས་ཤོག་མང་པོ་ལྐོག་ཚོང་རྒྱབ་སྟེ་རྒྱ་ སྒོར་ཁྲི་༢༠༠ལྷག་ལྐོག་ཟ་བྱས་ཡོད་པ་ས་གནས་བོད་མིས་ཤེས་རྟོགས་བྱུང་ཚུལ་ངོ་སྤྲོད་བྱས་ཡོད།

གསར་འགོད་པ་ཀླུ་འབུམ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨ་རིའི་གཞུང་ངོས་ནས་རྒྱ་ནག་དང་ལྷན་ཚོང་འབྲེལ་གྲོས་མོལ་བྱས་ཚེ་རྒྱ་ནག་གིས་ཨ་རིའི་ཅ་དངོས་ཐོག་སྒོ་ཁྲལ་གུ་ཡངས་གཏང་རྒྱུ་ཡིན་པ་བརྗོད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
རྒྱ་ནག་དང་རྒྱ་གར་གཉིས་གྲོས་མོལ་གྱིས། རྒྱ་གར་གྱི་གནས་སྐོར་བ་རྣམས་བོད་ནང་གངས་རིན་པོ་ཆེར་གནས་མཇལ་དུ་བསྐྱོད་རྒྱུ་བསྐྱར་དུ་སྒོ་འབྱེད་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎