པེ་ཅིན་དུ་ཁ་ལོ་བ་༣༠ལྷག་གིས་མཉམ་དུ་རང་ཤི་ངོ་རྒོལ་བྱས་འདུག


2015.04.06
པེ་ཅིན་དུ་ཁ་ལོ་བ་༣༠ལྷག་གིས་མཉམ་དུ་རང་ཤི་ངོ་རྒོལ་བྱས་སྐབས། ༢༠༡༥།༤།༤ པེ་ཅིན་དུ་ཁ་ལོ་བ་༣༠ལྷག་གིས་མཉམ་དུ་རང་ཤི་ངོ་རྒོལ་བྱས་སྐབས། ༢༠༡༥།༤།༤
དྲ་བཤུས

རྒྱ་ནག་ནང་ལས་བཟོ་བའི་ངོ་རྒོལ་དོན་རྐྱེན་ཇེ་མང་ཡིན་པ་དང་པེ་ཅིན་དུ་ཁ་ལོ་བ་༣༠ལྷག་གིས་མཉམ་དུ་རང་ཤི་ངོ་རྒོལ་བྱས་འདུག
དེ་ཡང་གནས་ཚུལ་ལྟར་ན། ཕྱི་ཚེས་༤ཉིན་རྒྱ་ནག་ཧེ་ལུང་ཅང་ཞིང་ཆེན་གྱི་སོའུ་ཧྥིན་ཧི་གྲོང་ཁྱེར་ནས་ཡིན་པའི་གླ་འཁོར་ཁ་ལོ་བ་༣༠ལྷག་གིས་མི་ཚོགས་ཆེ་བའི་པེ་ཅིན་གྲོང་ཁྱེར་ཝང་ཕུའུ་ཇིང་སྲང་ལམ་དུ་སྨན་རྫས་རིགས་ཤིག་བཏུངས་ཏེ་རང་ཤི་བརྒྱབ་ཡོད་ཀྱང་། དེ་མ་ཐག་མྱུར་སྐྱོབ་བྱས་ཏེ་ད་ལྟ་ཚང་མ་སྲོག་ཉེན་ལས་ཐར་ཡོད་པ་ལས་ཁོང་ཚོའི་ཁྲོད་ཀྱི་མི་༤ཡི་གནས་སྟངས་ཅུང་ཛ་དྲག་ཡིན་པ་རེད་ལ། བརྒྱུད་ལམ་དུ་ཐོན་པའི་ཐེངས་འདིའི་གནས་ཚུལ་སྐོར་ནག་གསུབ་ལ་གཏོང་བཞིན་པ་རེད། འདི་ག་རླུང་འཕྲིན་ཁང་གི་རྒྱ་སྐད་སྡེ་ཚན་གྱིས་དེ་རིང་གནས་ཚུལ་སྤེལ་བར་གཞིགས་ན། གླ་འཁོར་ཁ་ལོ་བ་དེ་ཚོས་གླ་འཁོར་བརྗེ་བསྒྱུར་དང་འགྲུལ་བ་སྐྱེལ་འདྲེན་གྱི་ཐོབ་ཐང་རྩོད་ལེན་ཆེད་ཐེངས་མང་པེ་ཅིན་དུ་ཕྱིན་ཏེ་ཞུ་གཏུག་བྱས་ཡོད་ཀྱང་གྲུབ་འབྲས་གང་ཡང་སོན་མེད་པ་དང་། ཉེ་སྔོན་ཁ་ལོ་བ་ ༣༠ལྷག་བསྐྱར་དུ་པེ་ཅིན་ལ་ཕྱིན་ནས་ཞུ་གཏུག་བྱས་ཀྱང་ཕན་འབྲས་མ་ཐོན་པར་བརྟེན་རང་ཤི་ངོ་རྒོལ་བྱས་ལུགས་བཀོད་འདུག
དེང་སྐབས་རྒྱ་ནག་ནང་ལས་བཟོ་བའི་གླ་ཆའི་ཐོབ་ཐང་དྲང་བདེན་མེད་པའི་གནས་ཚུལ་མང་དག་བྱུང་བཞིན་པའི་ཁོངས་ནས། རྒྱ་ནག་ལྷོ་ཕྱོགས་ཀོང་ཏུང་ཞིང་ཆེན་Nanlang གྲོང་སྡེའི་ནང་ཡོད་པའི་རྒྱབ་ཁུག་བཟོ་གྲའི་ལས་བྱེད་Shi Jieyingཟེར་བའི་བུད་མེད་དེས་ལས་བཟོ་བ་ཚོའི་ངལ་རྩོལ་ཐོབ་ཐང་དྲང་བདེན་དགོས་པའི་ངོ་རྒོལ་གྱི་ལས་འགུལ་ནང་མཉམ་ཞུགས་བྱས་པའི་དབང་གིས་ས་གནས་ཉེན་རྟོག་པས་དྲག་གནོན་བྱས་སྟབས་ཁོང་ལ་སྙིང་གི་ན་ཚ་ཕོག་ནས་ད་ཆ་སྨན་ཁང་དུ་སྡོད་དགོས་བྱུང་བ་སོགས་ཀྱི་གནས་ཚུལ་བྱུང་ཡོད་པ་རེད།  
ཉེ་བའི་དུས་ནས་རྒྱ་ནག་ཏུ་ལས་བཟོ་བར་ཐོབ་ཐང་འདྲ་མཉམ་མ་བྱུང་བ་སོགས་ཀྱིས་ལས་བཟོ་བས་ཐབས་ལམ་འདྲ་མིན་སྤྱད་དེ་ཞུ་གཏུག་དང་ངོ་རྒོལ་ལས་འགུལ་སྤེལ་བཞིན་པ་དེ་ལོ་བཞིའི་ནང་༡༨༥་ཙམ་ཡིན་པ་ནས་ད་ཆ་ངོ་རྒོལ་གྲངས་ཚད་༡༣༠༠་བར་འཕར་ཡོད་པ་རེད།

གསར་འགོད་པ་དབྱངས་སྒྲོལ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོའི་གསེར་ཁྲི་མངའ་གསོལ་མཛད་སྒོའི་སྐབས་ཀྱི་གནས་སྟངས་གསལ་བའི་ཆུ་ཚོན་རི་མོ་ངོ་མ་ ༤༠ ཚོང་སྒྱུར་གནང་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎