ཤྲི་ལང་ཀའི་སྲིད་འཛིན་འོས་བསྡུའི་ཐོག་ཏ་མིལ་གྱི་རྒྱབ་སྐྱོར་རེ་བ།

ཤྲི་ལང་ཀའི་སྲིད་འཛིན་རྒྱལ་ཡོངས་སྲིད་འཛིན་གྱི་འོས་བསྡུའི་སྔ་རོལ་དུ་ཏ་མིལ་མི་རིགས་ཀྱི་རྒྱབ་སྐྱོར་ཐོབ་པའི་རེ་བ་གནང་གི་ཡོད་འདུག

༄༅༎ཤྲི་ལང་ཀའི་སྲིད་འཛིན་རྒྱལ་ཡོངས་སྲིད་འཛིན་གྱི་འོས་བསྡུའི་སྔ་རོལ་དུ་ཏ་མིལ་མི་རིགས་ཀྱི་ལྟེ་གནས་ཇཕ་ཎར་འོས་བསྐྱོད་དེ་མང་ཚོགས་ཀྱི་རྒྱབ་སྐྱོར་ཐོབ་པའི་རེ་བ་གནང་གི་ཡོད་འདུག༎

སྔ་ལོ་ཕྱི་ཟླ་ལྔ་པའི་ནང་གཞུང་གིས་ཏ་མིལ་གྱེན་ལོག་པར་དྲག་རྒོལ་གྱིས་མཚར་གཙོད་བྱས་པའི་རྗེས་སུ་སྲིད་འཛིན་མ་ཧིན་རྡ་ར་ཇ་པག་སེ་བྱང་ཕྱོགས་ཇཕ་ནར་བསྐྱོད་པ་དང་པོ་དེ་ཡིན་པ་དང་ ཁོང་གིས་མ་འོངས་པར་ས་གནས་ཀྱི་ཡུལ་མིའི་སྟོང་ཕྲག་མང་པོར་འཚོ་རྐྱེན་དང་གཞིས་ཆགས་ཀྱི་མཐུན་རྐྱེན་སྐྲུན་རྒྱུ་མ་ཟད་དམག་འཐབ་ཀྱིས་ཕུངས་པའི་ས་ཁུལ་དེར་ཡར་རྒྱས་འཛུགས་བསྐྲུན་གནང་རྒྱུའི་ཁས་ལེན་གནང་ཡོད་ལུགས་ཨེ་ཨེཕ་པི་གསར་ལས་ཁང་གིས་གནས་ཚུལ་སྤེལ་འདུག་ སྲིད་འཛིན་གྱིས་ས་གནས་ཀྱི་ཡུལ་མི་དང་ནང་པ་དང་ཧིན་རྡུའི་དབུ་ཁྲིད་རྣམས་མཇལ་འཕྲད་གནང་ཡོད་འདུག་ དབུ་ཁྲིད་དེ་དག་གིས་སྲིད་འཛིན་གྱིས་ཇཕ་ན་ཁུལ་འགྲིམ་འགྲུལ་བསྐྱར་གསོ་གནང་བར་བསྔགས་བརྗོད་ཡོད་འདུག་ སྲིད་འཛིན་གྱི་གཟིགས་སྐོར་གོང་ལ་ཕྱོགས་འགལ་ཚོགས་པའི་སྲིད་འཛིན་གྱིས་འོས་དམིགས་དམག་སྤྱི་ཟུར་པ་ས་རཐ་ ཕོན་སེ་ཀ་འོས་བསྡུའི་ལས་དོན་ཆེད་ས་ཁུལ་དེར་ཕེབས་ཡོད་འདུག་  སྲིད་འཛིན་དང་དམག་སྤྱི་ཟར་པ་གཉིས་ཀས་ཏ་མིལ་གྱེན་ལོག་པ་མཚར་གཙོད་བྱེད་རྒྱུར་འགན་ཁུར་མཉམ་བཞེས་གནང་ཡོད་རེད་ ཁོང་གཉིས་ཀ་གྲངས་མང་ཀ་སིང་ཧ་ལི་མི་རིགས་ཡིན་པར་བརྟེན་འོས་བསྡུའི་སྐབས་སིང་ཧ་ལིསེ་མི་རིགས་ཀྱི་འོས་ཤོག་འདྲ་མཉམ་བགོི་ཤ་ཐེབ་པ་ཡིན་ན་ གྲངས་ཉུང་ཏ་མིལ་མི་རིགས་ཀྱི་གྲང་འབོར་རྒྱལ་ཁབ་ཀྱི་མི་འབོར་གྱི་བརྒྱ་ཆ་༡༢དང་ཕྱེད་ཀ་ལས་མེད་ཀྱང་འོས་ཤོག་ཐོབ་རྒྱུར་ཧ་ཅང་གལ་ཆེན་པོ་ཆགས་ཀྱི་ཡོད་རེད་ ཕྱོགས་འགལ་མིང་མང་བཅིངས་འགྲོལ་མཐུན་བསྐྱོད་ཚོགས་པས་དམག་སྤྱི་ཟུར་པ་ས་རཐ་ཕོན་སེ་ཀ་ལ་རྒྱབ་སྐྱོར་བྱེད་ཀྱི་ཡོད་རེད་ སྲིད་འཛིན་མ་ནི་རྡ་ཡིས་ཏ་མིལ་གྱེན་ལོག་པ་༡༢༠༠༠བཀག་ཉར་བྱེད་བཞིན་པའི་ཁོངས་ནས་༧༡༣གློད་བཀྲོལ་བྱས་ཡོད་འདུག་ དེ་ནི་འོས་བསྡུའི་ཆེད་མི་མང་མགོ་སྐོར་བླུ་བྲིད་གཏོང་རྒྱུའི་སྲིད་བྱུས་ཡིན་ལུགས་ཕྱོགས་འགལ་ཚོགས་པས་སྐྱོན་བརྗོད་བྱེད་མུས་ཡིན་པ་རེད་ སྲིད་འཛིན་གྱི་འོས་བསྡུ་ཕྱི་ཟླ་དང་པོའི་ཚེསས་༢༦ཡིན་པ་རེད༎

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org