༧གོང་ས་མཆོག་ལ་ཐོངས་མཆན་གནང་ཁག་པོ་ཡིན་པ།


2015.04.03
༧གོང་ས་མཆོག་གཙུག་ལག་ཁང་ནས་ཕོ་བྲང་ལ་ཕེབས་བཞིན་པ། ༢༠༡༥།༣།༥ ༧གོང་ས་མཆོག་གཙུག་ལག་ཁང་ནས་ཕོ་བྲང་ལ་ཕེབས་བཞིན་པ། ༢༠༡༥།༣།༥
སྐུ་སྒེར་དྲ་བ

Sri Lankaiའི་གཞུང་ཕྱོགས་ནས་༧ གོང་ས་མཆོག་ལ་ཐོངས་མཆན་འབུལ་རྒྱུའི་དགོངས་བཞེས་གནང་རྒྱུ་ཁག་པོ་ཡིན་པ་རེད།
དེ་ཡང་གནས་ཚུལ་ནང་གསལ་ལྟར་ན། སྔ་ལོ་ཕྱི་ཟླ་༣པའི་ནང་༧གོང་ས་མཆོག་གིས་རྒྱ་གར་གྱི་རྒྱལ་ས་ལྡི་ལིར་ཆོས་ལུགས་རིས་མེད་ཀྱི་བགྲོ་གླེང་ལྷན་ཚོགས་ཤིག་གནང་པའི་སྐབས་ལྷན་ཚོགས་ནང་མཉམ་ཞུགས་གནང་པའི་Sri Lankaའི་ཐེག་དམན་ཆོས་ལུགས་ཀྱི་Mahabodhi ཆོས་ཚོགས་ཀྱི་དབུ་བླ་Upatissaཡིས་དབུ་འཁྲིེད་པའི་དགེ་འདུན་པ་ཁག་གཅིག་དང་མཇལ་འཕྲད་གནང་ཡོད་ཅིང་། མཇལ་འཕྲད་དེའི་སྐབས་༧གོང་ས་མཆོག་གིས་གང་ཉིད་སྐུ་ན་ཆུང་དུས་ནས་Sri Lankaནང་གནས་མཇལ་དུ་ཕེབས་རྒྱུའི་ཐུགས་འདོད་ཡོད་པ་བཀའ་གནང་ཡོད་འདུག Sri Lankaའི་ནང་གཞུང་སྲིད་འཕོ་འགྱུར་སོང་བའི་རྗེས་སྲིད་འཛིན་གསར་པ་Maithripala Sirisenaམཆོག་གིས་རྒྱ་ནག་ལས་རྒྱ་གར་དང་འབྲེལ་ཐག་ཉེ་བའི་སྲིད་ཇུས་ཀྱི་བཞེངས་ཕྱོགས་ལ་བརྟེན་Mahabodhiཆོས་ཚོགས་ནས་༧གོང་ས་མཆོག་ལ་ཡུལ་དེའི་ནང་ཆིབས་བསྒྱུར་གསོལ་འདེབས་ཞུས་ཡོད་འདུག དེའི་ཐད་རེས་གཟའ་ཕུར་བུའི་ཉིན་རོ་ཨི་ཀྲར་གསར་ལས་ཁང་གིས། ༧ གོང་ས་མཆོག་Sri Lankaའི་ནང་ཆིབས་བསྒྱུར་བསྐྱངས་རྒྱུའི་ཐད་ལ་Sri Lankaའི་གཞུང་འབྲེལ་མི་སྣར་བཅར་འདྲི་བྱེད་སྐབས་མིང་འདོན་གནང་འདོད་མེད་པའི་Sri Lankaའི་ཕྱི་སྲིད་ལས་ཁུངས་ཀྱི་མཐོ་རིམ་མི་སྣ་ཞིག་གིས། Mahabodhiཆོས་ཚོགས་ནས་༧གོང་ས་མཆོག་ལ་ཆིབས་བསྒྱུར་གསོལ་འདེབས་ཞུ་རྒྱུའི་ཐོབ་ཐང་ཡོད་ཀྱང་། གཞུང་ཕྱོགས་ནས་འགྲིམ་འགྲུལ་གྱི་ཐོངས་མཆན་བཀའ་ཁྲོལ་གནང་རྒྱུ་ཁག་པོ་ཡིན་ལུགས་ལན་འདེབས་བྱས་འདུག གོང་གསལ་ཕྱི་སྲིད་ལས་ཁུངས་ཀྱི་མཐོ་རིམ་མི་སྣས་བརྗོད་ན། ཏཱ་ལའི་བླ་མ་མཆོག་རྩ་ཆེན་ཡིན་ཡང་དེ་ལས་Sri Lankaདང་རྒྱ་ནག་གཉིས་ཀྱི་འབྲེལ་བ་གལ་ཆེ་བ་ཡིན་པ་དང་། Sri Lankaའི་གཞུང་ཕྱོགས་ནས་རྒྱ་ནག་གཅིག་ཅེས་པའི་རྩ་དོན་གྱི་ལངས་ཕྱོགས་ལ་འགྱུར་བ་གང་ཡང་སོང་མེད་ཅེས་འགྲེལ་བརྗོད་བྱས་འདུག རྒྱ་ནག་ཕྱི་སྲིད་ལས་ཁུངས་ཀྱི་མགྲིན་ཚབ་པ་Hua Chunyingགིས། Sri Lankaགཞུང་ནས་རྒྱ་ནག་གི་ལང་ཕྱོགས་ལ་བསམ་ཞིབ་དང་བརྩི་བཀུར་བྱས་པ་དེར་བསྔགས་བརྗོད་ཡོད་ལུགས་ཀྱང་འཁོད་འདུག

གསར་འགོད་པ་དོན་གྲུབ་རྣམ་རྒྱལ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བཙན་བྱོལ་ནང་གི་མི་རབས་གཞོན་པ་རྣམས་ལ་བོད་ནང་གི་ཛ་དྲག་གནས་སྟངས་ངོ་སྤྲོད་བྱ་ཆེད། སྙིང་སྟོབས་ཀྱི་འབོད་སྒྲ ཅེས་པའི་གཏམ་བརྗོད་གཟིགས་འབུལ་ཞུ་བཞིན་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎