དགའ་ལྡན་ཕོ་བྲང་གིས་ཆོས་ལུཊ་འདྲ་མིན་གྱི་ལྷན་ཚོཊ་གནང་བ།


2014.09.22
དགའ་ལྡན་ཕོ་བྲང་གིས་གོ་སྒྲིག་གནང་བའི་ཆོས་ལུཊ་འདྲ་མིན་གྱི་ལྷན་ཚོགས་སྐབས། ༢༠༡༤།༩།༢༠ དགའ་ལྡན་ཕོ་བྲང་གིས་གོ་སྒྲིག་གནང་བའི་ཆོས་ལུཊ་འདྲ་མིན་གྱི་ལྷན་ཚོགས་སྐབས། ༢༠༡༤།༩།༢༠
སྐུ་སྒེར་དྲ་བ

དུས་རབས་༢༡འདི་བཞིན་ཞི་བདེ་ལྡན་པའི་དུས་རབས་ཤིག་ཏུ་བསྐྲུན་རྒྱུའི་ཆེད་དུ་དཀའ་རྙོག་རྣམས་གྲོས་མོལ་གྱི་ལམ་ནས་སེལ་ཐབས་གནང་དགོས།
དེ་ཡང་ཟླ་བ་འདིའི་ཚེས་༢༠དང་༢༡བཅས་ཉིན་གྲངས་གཉིས་རིང་དགའ་ལྡན་ཕོ་བྲང་ཡིག་ཚང་གིས་གོ་སྒྲིག་འོག་རྒྱ་གར་གྱི་རྒྱལ་ས་ལྡི་ལིར་རྟེན་གཞི་བྱས་པའི་Hyattགསོལ་མགྲོན་ཁང་ནང་རྒྱ་གར་ནང་ཆོས་ལུགས་འདྲ་མིན་གྱི་ལྷན་ཚོགས་A Meeting of Diverse་Spiritual Traditions in Indiaཞེས་བ་ཚོགས་ཡོད་པ་དང་། ལྷན་ཚོགས་དབུ་འབྱེད་ཀྱི་སྔོན་འགྲོའི་མཛད་སྒོ་གྲུབ་རྗེས་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་བཀའ་སློབ་སྩལ་དོན། ཆོས་གྲོགས་ཕོ་མོ་རྣམ་པ་ལྷན་རྒྱས་ནས་ལྷན་ཚོགས་འདིར་ཆེད་ཕེབས་གནང་བར་ཡི་རང་བསྔགས་བརྗོད་དང་བཀའ་དྲིན་ཆེ་ཞུ་རྒྱུ་ཡིན། ངོས་རང་འགྲོ་བ་མི་ཞིག་ཡིན་པའི་ཆ་ནས་ཡ་རབས་བཟང་སྤྱོད་གོང་འཕེལ་གཏོང་ཐབས་དང་། ངོས་རང་ཉིད་ཆོས་པ་ཞིག་ཡིན་པའི་ཆ་ནས་ཆོས་ལུགས་ཕན་ཚུན་དབར་འཆམ་མཐུན་དང་བརྩི་བཀུར་ཡོང་ཐབས། བོད་མི་ཞིག་ཡིན་པའི་ཆ་ནས་བོད་རིགས་ཀྱི་བདེ་དོན་ལ་ལྟ་སྐྱོང་བྱེད་རྒྱུ་བཅས་ནི་དོར་དུ་མི་རུང་བའི་ངོས་ཀྱི་ལས་འགན་ཞིག་ཆགས་ཡོད་ཅེས་བཀའ་གནང་བ་དང་།  གཞི་རྩའི་ཆ་ནས་ང་ཚོ་ཚང་མ་འགྲོ་བ་མི་ཞིག་ཡིན་པ་མ་ཟད། སྤྱི་ཚོགས་ལ་བརྟེན་དགོས་པའི་སེམས་ཅན་ཞིག་ཡིན་གཤིས།  ང་ཚོ་ཚང་མ་འཚོ་གནས་ཆེད་དུ་ཕན་ཚུན་གཅིག་གི་གཅིག་ལ་བརྟེན་དགོས་པ་ཞིག་ཆགས་ཡོད་ལ་ང་ཚོ་ཚང་མ་བདེ་བ་འདོད་པ་དང་སྡུག་བསྔལ་མི་འདོད་པ་གཅིག་མཚུངས་ཆགས་ཡོད་སྟབས། ང་ཚོ་ཚང་མས་བྱམས་བརྩེ་དང་སྙིང་རྗེ། གཞན་ཕན་གྱི་ཐོག་ལ་བསམ་བློ་ཤུགས་ཆེ་ཙམ་གཏོང་དགོས་པའི་དུས་ལ་བསླེབས་ཡོད། དུས་རབས་ ༢༠ པའི་ནང་མི་གསོད་ཁྲག་སྦྱོར་གྱི་རྐྱེན་པས་མི་གྲངས་ས་ཡ་ ༢༠༠ ཙམ་འདས་གྲོངས་སུ་གྱུར་ཡོད་པའི་ཚོད་དཔག་བྱེད་བཞིན་ཡོད། དུས་རབས་ ༢༡ འདི་བཞིན་ཞི་བདེ་ལྡན་པའི་དུས་རབས་ཤིག་ཏུ་བསྐྲུན་རྒྱུའི་ཆེད་དུ་དཀའ་རྙོག་རྣམས་གྲོས་མོལ་གྱི་ལམ་ནས་སེལ་ཐབས་གནང་དགོས། ང་ཚོར་རང་བཞིན་ལྷན་སྐྱེས་ཀྱི་བྱམས་བརྩེ་དང་། སྙིང་རྗེ། གཞན་ཕན་བཅས་གོང་འཕེལ་གཏོང་ཐུབ་པའི་ནུས་པ་ཡོད། སྤྱིར་ཆོས་ལུགས་དང་མི་རིགས་སོགས་ཀྱི་དབར་རང་རང་གི་མོས་པ་དང་བསྟུན་པའི་ལྟ་གྲུབ་ཀྱི་ཁྱད་པར་ཡོང་གི་ཡོད་ནའང་། དམིགས་ཡུལ་དེ་བདེ་བ་འདོད་མཁན་གཅིག་མཚུངས་ཡིན་པར་བརྟེན། བསམ་བློ་རྒྱ་ཆེ་ས་ནས་བཏང་སྟེ་འཛམ་གླིང་ཞི་བདེའི་ཆེད་ཕྱག་ལས་གནང་དགོས་ལ་ཆོས་ལུགས་ཕན་ཚུན་དབར་དང་། ཆོས་ལུགས་ནང་ཁུལ་གྱི་མི་མཐུན་པའི་གནད་དོ་ན་ཁག་ཞི་བའི་ལམ་ནས་སེལ་ཐབས་བྱེད་དགོས་ཀྱི་རེད་བསམ་གྱི་ཡོད་ཅེས་བཀའ་གནང་རྗེས་མཛད་སྒོའི་སྐུ་མགྲོན་གཙོ་བོ་རྒྱ་གར་གྱི་རྒྱལ་སའི་སྲིད་སྐྱོང་Najeeb Jungམཆོག་གིས་བོད་ཀྱི་༧སྐྱབས་མགོན་ཏཱ་ལའི་བླ་མ་མཆོག་སྐུ་སྒེར་གྱི་ངོས་ནས་ཐུགས་འཁུར་ཆེ་བཞེས་ཐོག་ཆོས་ལུགས་ཕན་ཚུན་མཐུན་སྒྲིལ་གྱི་ལྷན་ཚོགས་འདི་ལྟ་བུ་གོ་བསྒྲིགས་ཞུས་པར་རྗེས་སུ་ཡི་རང་ཞུ་རྒྱུ་མ་ཟད། འཛམ་གླིང་འདིའི་སྟེང་མིའི་སྤྱི་ཚོགས་ཀྱི་དཀའ་ངལ་སེལ་ཐབས་དང་ཆོས་ལུགས་ཕན་ཚུན་དབར་འཆམ་མཐུན་ཡོང་ཐབས་གནང་ཐུབ་མཁན་སྐུ་ཉིད་མཆོག་ལས་གཞན་འོས་ཤིང་འཚམ་པ་ཞིག་མེད་སྟབས། ལྷན་ཚོགས་འདི་བཞིན་དོན་དང་ལྡན་པ་ཞིག་ཡོང་བའི་སྨོན་འདུན་ཞུ་རྒྱུ་ཡིན་ཞེས་གསུང་བཤད་གནང་ཡོད་པ་རེད།    

གསར་འགོད་པ་འབེན་པ་སྟོབས་རྒྱལ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བྱེས་ཀྱི་གདན་ས་བཀྲིས་ལྷུན་པོ་གཙོས་པའི་བོད་མི་གནས་སྡོད་ས་གནས་ཁག་ཏུ་༸པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་གི་འཁྲུངས་སྐར་སྲུང་བརྩི་ཞུས།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎