དཀར་མཛེས་སུ་བསྔོ་སྨོན་ཚོགས་པ།


2013.05.11
དཀར་མཛེས་སུ་བསྔོ་སྨོན་ཚོགས་བཞིན་པ། དཀར་མཛེས།
བི་ཀི་པི་ཌི་ཡ།

༄༅༎བོད་ཁམས་དཀར་མཛེས་ཁུལ་དུ་བོད་མི་ཚོས་ས་ག་ཟླ་བའི་དུས་དང་བསྟུན་ནས་ད་བར་བོད་དོན་ཆེད་རང་ལུས་མེ་སྲེག་བཏང་གནང་མཁན་འདས་གསོན་ཡོངས་དང་། དེ་བཞིན་ཉེ་ཆར་གཡག་རྔ་ཁུལ་དུ་ས་འགུལ་གྱི་གནོད་འཚེ་ཕོག་ནས་རྐྱེན་འདས་སུ་ཕྱིན་པ་རྣམས་ཀྱི་ཆེད་དུ་བསྔོ་སྨོན་རྒྱ་ཆེ་ཞིག་ཚོགས་བཞིན་ཡོད་པ་རེད།
འདི་གའི་གསར་འགོད་པ་ནོར་བུ་དགྲ་འདུལ་ལགས་སུ་ས་གནས་ནས་གནས་ཚུལ་ངོ་སྤྲོད་གནང་བའི་ནང་། ས་ག་ཟླ་བའི་དུས་ཚིགས་ཁྱད་པར་ཅན་དེའི་རིང་ཁམས་དཀར་མཛེས་ཁུལ་གྱི་ས་ཁུལ་མང་པོ་ཞིག་ཏུ་ས་གནས་མི་མང་ཚོ་མཉམ་འཛོམས་ཀྱིས་ཆོས་ལུགས་ཀྱི་བྱེད་སྒོ་ཁག་སྤེལ་བཞིན་ཡོད་པ་མ་ཟད། ལྷག་པར་དུ་བོད་དོན་ཆེད་རང་ལུས་མེ་སྲེག་གཏོང་མཁན་ཚོས་གཙོས་ཉེ་ཆར་གཡག་རྔ་ཁུལ་དུ་ས་འགུལ་གྱི་གནོད་འཚེའི་འོག་རྐྱེན་འདས་སུ་ཕྱིན་པ་རྣམས་ཀྱི་ཆེད་བསྔོ་སྨོན་རྒྱ་ཆེ་ཞིག་སྤེལ་བཞིན་ཡོད་པ་དང་། དེའི་ཐོག་ས་གནས་མང་ཚོགས་ཧ་ཅང་མང་པོ་མཉམ་འཛོམས་བྱས་ཡོད་ཅིང་། དེ་མིན་ཆོས་ལུགས་རིས་མེད་ཀྱི་དགེ་འདུན་པ་དང་བཙུན་མ་ཡང་ཧ་ཅང་མང་པོ་ཕེབས་ཡོད་པའི་སྐོར་ངོ་སྤྲོད་གནང་འདུག།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བཙན་བྱོལ་ནང་གི་མི་རབས་གཞོན་པ་རྣམས་ལ་བོད་ནང་གི་ཛ་དྲག་གནས་སྟངས་ངོ་སྤྲོད་བྱ་ཆེད། སྙིང་སྟོབས་ཀྱི་འབོད་སྒྲ ཅེས་པའི་གཏམ་བརྗོད་གཟིགས་འབུལ་ཞུ་བཞིན་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎