བྱང་ཀོ་རི་ཡས་རྡུལ་ཕྲན་གོ་མཚོན་ཚོད་ལྟ་བྱས་པའི་དམིགས་ཡུལ།

བྱང་ཀོ་རི་ཡས་ཉེ་དུས་རྡུལ་ཕྲན་གོ་མཚོན་དང་གཞན་ཡང་མེ་ཤུགས་འཕུར་མདེལ་ཁག་ཅིག་ཚོད་ལྟ་བྱས་པ་དེ་ངན་བྱུས་ཤིག་ཡིན་པའི་གནས་ཚུལ།

2009.06.10

༄༅༎བྱང་ཀོ་རི་ཡས་ཉེ་དུས་རྡུལ་ཕྲན་གོ་མཚོན་དང་གཞན་ཡང་མེ་ཤུགས་འཕུར་མདེལ་ཁག་ཅིག་ཚོད་ལྟ་བྱས་པ་དེ་གཙོ་བོ་ཡུལ་གྱི་མི་གཅིག་དབང་འཛིན་པ་ཀིམ་ཇོང་ཨིལ་གྱིས་རྒྱལ་སྲིད་ཀྱི་དབང་ཆ་རང་གི་བུ་ལ་སྤྲོད་ཐབས་སུ་དབང་ཆའི་འཐབ་རྩོད་དང་འབྲེལ་བའི་ངན་བྱུས་ཤིག་ཡིན་པ་ལྷོ་ཀོ་རི་ཡའི་བདེ་སྲུང་བློན་ཆེན་ལི་སང་ཧི་ཡིས་ཁ་ས་གསར་འགོད་པ་ཚོར་འགྲེལ་བརྗོད་གནང་ཡོད་པ་རེད།

དེ་ཡང་བདེ་སྲུང་བློན་ཆེན་ལི་ཡིས་ཀིམ་ཇོང་ཨིལ་གྱིས་རྒྱལ་སྲིད་ཀྱི་དབང་ཆ་རང་གི་བུ་ལ་རྩིས་སྤྲོད་བྱ་རྒྱུའི་དམིགས་ཡུལ་དེ་སྒྲུབ་ཐབས་སུ་དུས་ཡུན་དེའི་རིང་ཁོ་པས་རྡུལ་ཕྲན་གོ་མཚོན་དང་མེ་ཤུགས་འཕུར་མདེལ་ཚོད་ལྟ་བྱས་ཏེ་མངའ་ཁུལ་བརྟན་ལྷིངས་མེད་པ་བཟོ་གཞིའི་ཐ་ཞན་གྱི་སྤྱོད་ཚུལ་དེར་ཞུགས་ཡོད་ཅེས་སྐྱོན་བརྗོད་གནང་ཡོད་པ་རེད་ཡང་ལྷོ་ཀོ་རི་ཡས་ཆོ་སུན་ལི་སྦོ་ཞེས་པའི་གསར་ཤོག་གིས་ལྷོ་ཀོ་རི་ཡའི་གཞུང་གིས་ཨ་རིའི་སྲིད་གཞུང་ལ་བྱང་ཀོ་རི་ཡའི་གཞུང་གི་ཕྱི་རྒྱལ་དངུལ་ཁང་ཁག་ནང་དངུལ་བཅོལ་ཡོད་པའི་དངུལ་ཁང་གི་ཨང་གྲངས་ཁག་ཨ་མི་རི་ཀའི་གཞུང་ལ་ཕུལ་ཡོད་པ་དང་བྱང་ཀོ་རི་ཡས་རྒྱལ་སྤྱིའི་ཁྲིམས་སྲོལ་དང་རྒྱབ་འགལ་གྱིས་རྡུལ་ཕྲན་གོ་མཚོན་ཚོད་ལྟ་བྱས་པའི་གནད་དོན་ལ་ཨ་རིའི་སྲིད་གཞུང་གིས་དཔལ་འབྱོར་གྱི་ཉེས་ཆད་བསྐྱེལ་རྒྱུའི་དགོངས་པ་བཞེས་ཀྱི་ཡོད་སྐོར་དང་ཡིན་ནའི་བྱང་ཀོ་རི་ཡས་ཨ་རིའི་མི་སེར་ཡིན་པའི་གསར་འགོད་པ་གཉིས་འཛིན་བཟུང་བཙོན་བཅུག་བྱས་ཏེ་ཡོད་པའི་གནད་དོན་དེས་ཨ་རིའི་གཞུང་ལ་བྱང་ཀོ་རི་ཡར་ད་ལྟ་ལམ་སང་དཔལ་འབྱོར་གྱི་ཉེས་ཆད་གཏོང་རྒྱུའི་ཐད་བསྐྱར་དུ་རྣོ་བསམ་གཏོང་དགོས་པ་གྱུར་ཡོད་སྐོར་ཡང་གསུངས་ཀྱི་ཡོད་པ་རེད།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་སྐད་ཡིག་སྡེ་ཚན་ཕལ་ཆེ་བ་སྒོ་བརྒྱབ་རྒྱུའི་གསལ་བསྒྲགས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཨ་རྒྱ་གཉིས་ཀྱི་ཚོང་དམག་ཁྲོད་བཟོ་གྲྭ་མང་པོ་སྒོ་བརྒྱབ་པའི་རྐྱེན་གྱིས་རྒྱ་ནག་གི་ས་ཁུལ་གང་སར་ལས་མིས་ངོ་རྒོལ་བྱེད་བཞིན་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎