ལྷོ་ཀོ་རི་ཡའི་ནང་བྱ་ནད་དང་ཕྱུགས་ནད་ཁྱབ་གདལ།
2011.01.02
༄༅༎དེ་རིང་རེས་གཟའ་ཉི་མའི་ཉིན་ལྷོ་ཀོ་རི་ཡའི་ནང་བྱ་ནད་གྱོད་གཞི་གསར་པ་བདུན་ཐོན་ཡོད་པའི་གནས་ཚུལ་ཁྱབ་བསྒྲགས་གནང་སྟེ། བྱ་ནད་དེ་ནི་འདས་པའི་ལོ་གཉིས་ལྷག་ཕྱིན་པའི་རྗེས་རྒྱལ་ཁབ་ནང་ཐོན་པའི་གནས་ཚུལ་ཞིག་ཡིན་པ་དང༌། རྒྱལ་ཁབ་ཀྱི་ངོས་ནས་བྱ་ནད་དེའི་དཀའ་ངལ་སེལ་ཐབས་ལ་གདོང་ལེན་བྱེད་བཞིན་ཡོད་པའི་གསལ་བསྒྲགས་བྱས་ཡོད་པ་རེད།
དེ་ཡང་ལྷོ་ཀོ་རི་ཡའི་སོ་ནམ་བློན་ཆེན་གྱིས། ཁོང་གི་རྒྱལ་ཁབ་ཀྱི་གྲོང་ཁྱེར་ཁག་ལྔའི་ནང་གི་བ་ཕྱུགས་དང་ཕག་པ་གསོ་སྐྱོང་བྱེད་ཡུལ་དུ་བྱ་ནད་གསར་དུ་ཐོན་ཡོད་པའི་གནས་ཚུལ་དེ་བདེན་པ་ཡིན་པ་གསལ་བསྒྲགས་བྱས་པ་དང་ཆབས་ཅིག་ཕྱི་ཟླ་༡༡པའི་ཚེས་༢༩ནས་བྱ་ནད་ཀྱི་གནས་ཚུལ་དེ་ཐོན་པ་ནས་བཟུང་ད་བར་དུ་བྱ་ནད་འགོས་ཁྱབ་ཟིན་པའི་སྒོ་ཕྱུགས་སེམས་ཅན་༧༤བྱུང་ཡོད་པའི་སྐོར་དང༌། ད་དུང་བྱ་ནད་འགོས་ཁྱབ་ཟིན་པའི་དོགས་གཞི་ཡོད་པ་གསུམ་ཁྲག་བརྟག་དཔྱད་བྱེད་མུས་ཡིན་པ་དེ་དག་གི་བརྟག་དཔྱད་གྱི་གྲུབ་འབྲས་ཡོང་རྒྱུར་སྒུག་སྡོད་བྱེད་བཞིན་ཡོད་ཅེས་དང༌། ད་དུང་ཁོང་གི་རྒྱལ་ཁབ་ནས་བ་ཕྱུགས་དང་ཕག་པ་དེ་མི་གྱི་སེམས་ཅན་ཁྱོན་དྲུག་འབུམ་དྲུག་ཁྲི་ལྡེབས་གསོད་གཏོང་རྒྱུ་ཡིན་པ་དང༌། ཡིན་ནའང་སེམས་ཅན་མང་པོ་ལྡེབས་གསོད་བཏང་བ་དེ་ཡིས་ཁོང་ཚོར་ཨ་རིའི་ཊོ་ལར་ས་ཡ་༣༥༠ལྷག་གི་དཔལ་འབྱོར་གྱི་གྱོང་རྒུད་ཐེབས་རྒྱུ་ཡིན་པ་གསུང་ཡོད་པ་རེད།