ཐའེ་ལྦན་སྲིད་འཛིན་ཟུར་པའི་བུས་འོས་བསྡུར་གཞུག་འཆར།

ཐའེ་ལྦན་གྱི་སྲིད་འཛིན་ཟུར་པ་ཁྲེན་ཧྲུ་བེན་གྱི་སྲས་རིང་མིན་རྒྱལ་ཡོངས་གྲོས་ཚོགས་ཀྱི་འོས་བསྡུའི་འགྲན་རྩོད་གནང་རྒྱུ་ཡིན་སྐོར།

2011.09.01

༄༅༎ཐའེ་ལྦན་གྱི་ཀའོ་སུང་གྲོང་ཁྱེར་ས་གནས་ཁྲིམས་ཁང་གིས་ཉེ་སྔོན་སྲིད་འཛིན་ཟུར་པ་ཁྲེན་ཧྲུ་བེན་གྱི་སྲས་ཁྲེན་ཁྲི་ཁྲུང་ཀའོ་སུང་ས་གནས་གྲོས་ཚོགས་ཀྱི་འཐུས་མིའི་ཞབས་སྟེགས་ནས་ཕྱིར་འབུད་བྱས་ཡོད་ཀྱང་རིང་མིན་རྒྱལ་ཡོངས་གྲོས་ཚོགས་ཀྱི་འོས་བསྡུའི་ནང་ཁོང་འོས་བསྡུའི་འགྲན་རྩོད་གནང་རྒྱུ་ཡིན་སྐོར་གསལ་བསྒྲགས་གནང་བཞག་༎

སྲིད་འཛིན་ཟུར་པ་ཁྲེན་ཧྲུ་བེན་གྱི་སྲས་ཁྲེན་ཁྲི་ཁྲུང་སྔ་ལོ་ཕྱི་ཟླ་༡༡པའི་ནང་ཐའེ་ལྦན་གྱི་གྲོང་ཁྱེར་ཆེ་ཤོས་གཉིས་པ་ཀའོ་སུང་ས་གནས་གྲོས་ཚོགས་ཀྱི་འཐུས་མིའི་ཁོངས་སུ་འོས་འདེམས་བྱུང་ཡོད་པ་རེད་ སྐབས་དེར་ཁོང་གིས་ས་གནས་གྲོས་ཚོགས་ཀྱི་འཐུས་མིའི་འགན་ཁུར་བཞེས་པ་བརྒྱུད་ཁོང་གི་ཡབ་ཁྲེན་ཧྲུ་བེན་ལ་ལྐོག་བཟས་ཀྱི་ནག་ཉེས་ཕོག་པའི་མིང་ངན་གཙང་སེལ་བཟོ་རྒྱུའི་དམིགས་ཡུལ་གསལ་འདོན་བྱས་ཡོད་པ་རེད་ འོན་ཀྱང་ཟླ་བ་སྔོན་མ་ཀའོ་སུང་གྲོང་ཁྱེར་ས་གནས་ཁྲིམས་ཁང་ནས་སྲིད་འཛིན་ཟུར་པ་ཁྲེན་ཧྲུ་བེན་ལ་ལྐོག་བཟས་དང་འབྲེལ་བའི་ནག་ཉེས་ཁྲིམས་བཤེར་བྱེད་པའི་སྐབས་ཁྲེན་ཁྲིན་ཁྲུང་གིས་གནས་ཚུལ་རྗུན་བཤད་བྱས་པའི་ནག་ཉེས་འོག་ཟླ་བ་གསུམ་རིང་བཙོན་འཇུག་གི་ཁྲིམས་ཐག་བཅད་པ་དང་ཆབས་ཅིག་ས་གནས་གྲོས་ཚོགས་ནས་ཕྱིར་འབུད་བཏང་ཡོད་པ་རེད་ རེས་གཟའ་ཕུར་བུའི་ཉིན་ཁྲེན་ཁྲིན་ཁྲུང་གིས་ ༢༠༡༢ལོའི་ཕྱི་ཟླ་༡པའི་ཚེས་༡༤ཉིན་ ཐའེ་ལྦན་གྱི་རྒྱལ་ཡོངས་གྲོས་ཚོགས་ཀྱི་འོས་བསྡུའི་ནང་ ཁོང་མཉམ་ཞུགས་གནང་རྒྱུ་ཡིན་སྐོར་མ་ཟད་ཀའོ་སུང་གྲོང་ཁྱེར་ས་གནས་གྲོས་ཚོགས་ནས་ཁོང་ཕྱིར་འབུད་བྱས་པ་དེ་ ཆབ་སྲིད་ཀྱི་གནོན་བཙིར་དང་མིང་ངན་ཁ་གཡོག་བྱས་པ་ཡིན་ཚུལ་དང་ ཁོང་རྒྱལ་ཡོངས་གྲོས་ཚོགས་ཀྱི་འཐུས་མིའི་ཁོངས་སུ་འོས་བསྡུར་ཞུགས་རྒྱུ་དེ་བཞིན་ དྲང་བདེན་མ་ཡིན་པའི་ཁྲིམས་བཤེར་རིགས་ལ་གདོང་ལེན་གནང་རྩིས་ཡིན་སྐོར་གསལ་འདོན་གནང་བཞག་༎

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨ་རིའི་གཞུང་ངོས་ནས་རྒྱ་ནག་དང་ལྷན་ཚོང་འབྲེལ་གྲོས་མོལ་བྱས་ཚེ་རྒྱ་ནག་གིས་ཨ་རིའི་ཅ་དངོས་ཐོག་སྒོ་ཁྲལ་གུ་ཡངས་གཏང་རྒྱུ་ཡིན་པ་བརྗོད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
རྒྱ་ནག་དང་རྒྱ་གར་གཉིས་གྲོས་མོལ་གྱིས། རྒྱ་གར་གྱི་གནས་སྐོར་བ་རྣམས་བོད་ནང་གངས་རིན་པོ་ཆེར་གནས་མཇལ་དུ་བསྐྱོད་རྒྱུ་བསྐྱར་དུ་སྒོ་འབྱེད་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎