རྒྱ་གར་ཡུལ་མི་ཚོས་བོད་དོན་གོམ་བགྲོད་ལས་འགུལ་ལ་རྒྱབ་སྐྱོར་གྱི་རྣམ་པ་གང་ལེགས་སྟོན་ཡོད་པ།

2021.02.15
རྒྱ་གར་ཡུལ་མི་ཚོས་བོད་དོན་གོམ་བགྲོད་ལས་འགུལ་ལ་རྒྱབ་སྐྱོར་གྱི་རྣམ་པ་གང་ལེགས་སྟོན་ཡོད་པ། བོད་དོན་ལས་འགུལ་བ་བསྟན་འཛིན་བརྩོན་འགྲུས་ལགས་ཀྱིས་བཞུགས་སྒར་རྡ་རམ་ས་ལ་ནས་རྒྱ་གར་གྱི་རྒྱལ་ས་ལྡི་ལི་བར་བོད་དོན་གོམ་བགྲོད་གནང་བཞིན་པ།
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་།

བོད་དོན་ལས་འགུལ་བ་དང་རྩོམ་པ་པོ་བསྟན་འཛིན་བརྩོན་འགྲུས་ལགས་ཀྱིས། ཕྱི་ལོ་༢༠༢༡ ཟླ་བ་༢ ཚེས་༡༢ ཉིན་ཏེ་བོད་ཀྱི་ལོ་གསར་ཚེས་གཅིག་ཉིན་ནས་འགོ་བཙུགས་ཀྱིས་བཞུགས་སྒར་རྡ་རམ་ས་ལ་ནས་རྒྱ་གར་གྱི་རྒྱལ་ས་ལྡི་ལི་བར་དུས་དུན་ཟླ་བ་གཅིག་རིང་བོད་དོན་གོམ་བགྲོད་ཀྱི་ལས་འགུལ་སྤེལ་ནས་ཉིན་བཞི་ཕྱིན་པའི་རྗེས་སུ། འདི་ཚེས་༡༥ ཉིན་ཁོང་ཧི་མ་ཅལ་མངའ་སྡེའི་ས་ཁུལ་དྷ་ལེ་རིཡ་ནང་ཕེབས་འབྱོར་བྱུང་ཡོད་པ་དང་། ཐེངས་འདིའི་ལས་འགུལ་གྱི་དགོས་འདུན་ནི། རྒྱ་གར་གཞུང་གིས་རྒྱ་ནག་མི་མང་སྤྱི་མཐུན་རྒྱལ་ཁབ་གཅིག་ལ་ངོས་འཛིན་གནང་བཞིན་པའི་སྲིད་བྱུས་དེར་བསྒྱུར་བ་གཏོང་གནང་དགོས་ཟེར་བ་དེ་ཡིན་ཅིང་། རྒྱ་གར་མི་མང་གིས་ཁོང་གི་ལས་འགུལ་ལ་རྒྱབ་སྐྱོར་གྱི་རྣམ་པ་སྟོན་བཞིན་ཡོད་པའི་སྐོར་ལས་འགུལ་བས་འགྲེལ་བརྗོད་གནང་འདུག
རྒྱ་ནག་གཞུང་གིས་འཕགས་བོད་ས་མཚམས་སུ་མུ་མཐུད་ནས་དཀའ་རྙོག་བཟོ་བཞིན་ཡོད་པར་བརྟེན་རྒྱ་གར་གཞུང་གིས་བོད་ཀྱི་གནད་དོན་དེ་མ་གླེང་དཀའ་མེད་དུ་གྱུར་ཡོད་ཅིང་། བོད་དོན་ནི། རྒྱ་གར་རྒྱལ་ཁབ་ཀྱི་སྲུང་སྐྱོབ་དང་འབྲེལ་བ་གཏིང་ཟབ་ཆགས་ཡོད་པར་སོང་། རྒྱ་གར་གཞུང་གིས་རྒྱ་ནག་གཅིག་གི་སྲིད་བྱུས་དེར་བསྒྱུར་བ་ངེས་པར་དུ་གཏོང་དགོས་པའི་གནད་དོན་ཞིག་ཆགས་ཡོད་པ་བསྟན་འཛིན་བརྩོན་འགྲུས་ལགས་ཀྱིས་གསུངས་གནང་འདུག།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨ་རིའི་གཞུང་ངོས་ནས་རྒྱ་ནག་དང་ལྷན་ཚོང་འབྲེལ་གྲོས་མོལ་བྱས་ཚེ་རྒྱ་ནག་གིས་ཨ་རིའི་ཅ་དངོས་ཐོག་སྒོ་ཁྲལ་གུ་ཡངས་གཏང་རྒྱུ་ཡིན་པ་བརྗོད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
རྒྱ་ནག་དང་རྒྱ་གར་གཉིས་གྲོས་མོལ་གྱིས། རྒྱ་གར་གྱི་གནས་སྐོར་བ་རྣམས་བོད་ནང་གངས་རིན་པོ་ཆེར་གནས་མཇལ་དུ་བསྐྱོད་རྒྱུ་བསྐྱར་དུ་སྒོ་འབྱེད་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎