གཞུང་འབྲེལ་གདུང་སེམས་མཉམ་བསྐྱེད་ལས་འགུལ་ཉིན་བཞི་པ།

རྒྱ་གར་རྒྱལ་ས་ལྡི་ལིའི་ནང་སྤེལ་བཞིན་པའི་གཞུང་འབྲེལ་གདུང་སེམས་མཉམ་བསྐྱེད་ཀྱི་ལས་འགུལ་ཀྱི་ཉིན་བཞི་པ་དེ་སླེབས་ཡོད་པ་རེད།

2011.10.21

༄༅༎རྒྱ་གར་རྒྱལ་ས་ལྡི་ལིའི་ནང་སྤེལ་བཞིན་པའི་གཞུང་འབྲེལ་གདུང་སེམས་མཉམ་བསྐྱེད་ཀྱི་ལས་འགུལ་ཀྱི་ཉིན་བཞི་པ་སྟེ། འདི་ཚེས་ ༢༡ གི་སྔ་དྲོ་ཆུ་ཚོད་༡༠ ཐོག་རམ་ལི་ལཱ་ཐང་ཆེན་ནས་འགོ་འཛུགས་ཀྱིས་ཇན་ཏར་མན་ཏར་བར། གཞོན་སྐྱེས་རྣམས་ཀྱིས་སྣེ་ཁྲིད་འོག་ཞི་བའི་རྔམ་སྟོན་ཁྲོམ་སྐོར་གྱི་ལས་འགུལ་ཞིག་སྤེལ་ཡོད་པ་དང་། ཁྲོམ་སྐོར་སྐབས་མང་ཚོགས་ཀྱིས་འཚོར་བ་ཤུགས་ཆེན་པོས་སྐད་འབོད་འདྲ་མིན་བྱས་ནས་ཉིན་གུང་ཆུ་ཚོད་༡༡ དང་སྐར་མ་༢༠ ཙམ་དུ་ཇན་ཏར་མན་ཏར་ས་གནས་སུ་འབྱོར་ཡོད་པ་རེད།
གནས་ཚུལ་བཀོད་གསལ་ལ་གཞིགས་ན། ཉིན་དེར་བོད་མི་གཞོན་སྐྱེས་ཚོས་ སྟོད་ཐུང་དང་གོས་ཐུང་ནག་པོ་གྱོན་ནས་རྔམ་སྟོན་ཁྲོམ་སྐོར་བྱས་པའི་སྐབས།  ༧གོང་ས་མཆོག་སྐུ་ཚེ་ཁྲི་ལོར་བརྟན་པར་ཤོག  བོད་ནང་མནར་གཅོད་མཚམས་འཇོག་དགོས་ཞེས་སྐད་འབོད་ཤུགས་ཆེ་བྱས་ཡོད་པ་དང་ཆབས་ཅིག ཡང་གཞོན་སྐྱེས་ཕོ་མོ་བཅུས་བོད་ནང་རང་ལུས་མེར་བསྲེགས་བཏང་ནས་རྩ་དོན་ཆེད་འཐབ་རྩོད་གནང་མཁན་དེ་དག་གི་ཚབ་ཞུས་ནས། གཟུགས་པོ་ལ་ཆུ་རས་ཙམ་ལས་གང་ཡང་མ་གྱོན་པར་ཚོན་དམར་བྱུགས་པ་དང་། གཟུགས་པོའི་མདུན་ངོས་སུ་སྐུ་གཟུགས་མེར་བསྲེགས་གཏོང་བཞིན་པའི་མཚོན་དོན་གྱི་རི་མོ་དང་། རྒྱབ་ངོས་སུ་བོད་ནང་རང་དབང་དགོས་པའི་བརྗོད་ཚིགས་འདྲ་མིན།  གདོང་ལ་ཚང་མས་བོད་ཀྱི་རྒྱལ་དར་བྲིས་ནས་ཁྲོམ་སྐོར་བའི་མདུན་དུ་ཐོན་ནས་སྐད་འབོད་ཤུགས་ཆེ་བརྒྱབ་ཡོད་སྐོར་དང༌། ཡང་འདས་པའི་ཉིན་གསུམ་གྱི་ལས་འགུལ་འདིའི་ནང་དུ་བོད་མི་སེར་སྐྱ་མང་པོས་མཉམ་ཞུགས་གནང་ཡོད་པ་མ་ཟད། དེ་དག་གི་ཁོངས་སུ་རྐང་པ་མེད་པར་འཁར་རྒྱུག་ཁུར་བའི་ནད་པ་ཡང་མཉམ་ཞུགས་བྱས་ཡོད་པའི་གནས་ཚུལ་བཀོད་འདུག།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བྱེས་ཀྱི་གདན་ས་བཀྲིས་ལྷུན་པོ་གཙོས་པའི་བོད་མི་གནས་སྡོད་ས་གནས་ཁག་ཏུ་༸པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་གི་འཁྲུངས་སྐར་སྲུང་བརྩི་ཞུས།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎