བོད་ནང་ཉི་འོད་གློག་བེད་སྤྱོད་གཏོང་མཁན་ཇེ་མང་དུ་འགྲོ་བ།

བོད་ཀྱི་ས་ཁུལ་མང་པོར་ཉི་འོད་གློག་ཞུགས་བེད་སྤྱོད་གཏོང་རྒྱུ་རྒྱ་སྐྱེད་བཏང་ཡོད་པའི་གནས་ཚུལ་ཐོན་འདུག

2011.01.27

༄༅༎རྒྱ་ནག་གཞུང་འབྲེལ་ཤིན་ཧ་གསར་འགྱུར་བརྒྱུད་ལམ་ནས་ལྷ་སར་རྟེན་གཞི་བྱེད་པའི་ནུས་ཤུགས་ཉམས་ཞིབ་ལས་ཁུངས་ཀྱི་འབྲེལ་ཡོད་ཡང་ ཡུས་ཇིང་ནས་འགྲེལ་བརྗོད་བྱེད་པར་ལྟར་ན། བོད་ཀྱི་གྲོང་གསེབ་དང་ཞིང་འབྲོག་ས་ཁུལ་ཁྲི་གཅིག་ཙམ་གྱི་ནང་ཁྱིམ་དུ་ཉི་འོད་གློག་བེད་སྤྱོད་བྱེད་རྒྱུའི་མཐུན་འགྱུར་སྦྱོར་སྤྲོད་བྱས་ཡོད་པ་དང་། བོད་ཀྱི་ཞིང་འབྲོག་ས་ཁུལ་དང་། གྲོང་ཚོ་ཆུང་ཆུང་དེ་དག་གི་ནང་ད་བར་མེ་ཤིང་དང་། སྒོ་ཕྱུགས་སེམས་ཅན་གྱི་ལྕི་བ་སོགས་ཀྱི་བེད་སྤྱོད་བྱེད་ཀྱི་ཡོད་པ་དེས་འཕྲོད་བསྟེན་དང་། ཁོར་ཡུག་སོགས་ལ་གནོད་སྐྱོན་ཕོག་གི་ཡོད་པར་བརྟེན་ད་ཆ་ཉི་འོད་གློག་ཞུགས་བེད་སྤྱོད་བྱེད་པ་བརྒྱུད་་བོད་མི་ཚོའི་འཚོ་བ་སྐྱེལ་རྒྱུའི་གནས་སྟངས་ཡག་ཏུ་འགྲོ་རྒྱུ་མ་ཟད་ཁོར་ཡུག་ལའང་ཕན་ཐོག་ཆེན་པོ་ཡོང་རྒྱུ་ཡིན་འདུག ད་ལྟའི་ཆར་བོད་ཀྱི་ས་ཁུལ་ཁག་གི་ནང་། སྣུམ་དང་། རང་འབྱུང་གྷེ་སེ་བེད་སྤྱོད་བྱེད་མཁན་གྱི་བརྒྱ་ཆ་བཅུ་ནས་གསུམ་བཅུ་ཙམ་ལས་མེད་པའི་ལུང་འདྲེན་བྱེད་ཡོད་པ་རེད།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བཙན་བྱོལ་ནང་གི་མི་རབས་གཞོན་པ་རྣམས་ལ་བོད་ནང་གི་ཛ་དྲག་གནས་སྟངས་ངོ་སྤྲོད་བྱ་ཆེད། སྙིང་སྟོབས་ཀྱི་འབོད་སྒྲ ཅེས་པའི་གཏམ་བརྗོད་གཟིགས་འབུལ་ཞུ་བཞིན་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎