ཐའེ་ཝན་དུ་ཉམས་ཞིབ་པ་དང་མཁས་པ་སོགས་མི་གྲངས་ ༡༠༠ ལྷག་ལྷན་འཛོམས་ཀྱིས་གངས་ལྗོངས་གླེང་སྟེགས་འཚོགས་གཏན་འཁེལ་འདུག

2024.01.09
ཐའེ་ཝན་དུ་ཉམས་ཞིབ་པ་དང་མཁས་པ་སོགས་མི་གྲངས་ ༡༠༠ ལྷག་ལྷན་འཛོམས་ཀྱིས་གངས་ལྗོངས་གླེང་སྟེགས་འཚོགས་གཏན་འཁེལ་འདུག གངས་ལྗོངས་གླེང་སྟེགས་ཀྱི་ཁྱབ་བསྒྲགས་པར་རིས།
OOT, Taiwan

ཐའེ་ཝན་བོད་ཀྱི་༸སྐུ་ཚབ་དོན་གཅོད་ལས་ཁུངས་དང་། ཐའེ་ཝན་བོད་རིགས་སྤྱི་མཐུན་ཚོགས་པ། དེ་བཞིན་ཐའེ་ཝན་གྱི་གཞུང་ཁོངས་མིན་པའི་ཚོགས་པ་ཁག་བཅས་ཐུན་མོང་གིས་གོ་སྒྲིག་འོག རིང་མིན་ཕྱི་ཟླ་ ༡ པོའི་ཚེས་ ༡༤ ནས་ ༡༥ བར་ཐའེ་ཝན་རྒྱལ་ས་ཐའེ་པེ་རུ་ཉིན་གྲངས་གཉིས་ཀྱི་རིང ༼གངས་ལྗོངས་གླེང་སྟེགས། ༢༠༢༤༽ཞེས་པའི་བརྗོད་གཞིའི་འོག་ཐའེ་ཝན་དང་ཧོང་ཀོང་། བོད་མི། སོག་པོ། མིན་ཇུ། ཕྱིར་སྡོད་རྒྱ་རིགས་སོགས་ཉམས་ཞིབ་པ་དང་མཁས་པ། བོད་དོན་རྒྱབ་སྐྱོར་བ་བཅས་མི་གྲངས་ ༡༠༠ ལྷག་ལྷན་འཛོམས་ཐོག་ཐའེ་ཝན་མང་གཙོའི་ཆབ་སྲིད་ཀྱིས་རྒྱ་ནག་གི་ཆབ་སྲིད་འགྱུར་ལྡོག་ལ་ལམ་འཁྲིད་ཇི་ལྟར་བྱེད་དགོས་ཚུལ་སྐོར་རྒྱལ་སྤྱིའི་རང་བཞིན་གྱི་བགྲོ་གླེང་འཚོགས་གཏན་འཁེལ་འདུག

དེའི་ཐད་ཐའེ་ཝན་བོད་ཀྱི་༸སྐུ་ཚབ་དོན་གཅོད་འབའ་བ་སྐལ་བཟང་རྒྱལ་མཚན་ལགས་ཀྱིས། ཐའེ་ཝན་ནས་ཁ་པར་བརྒྱུད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་གསུངས་ན། ད་རེས་ཚོགས་འདུ་དེའི་དམིགས་ཡུལ་གཙོ་བོ་ནི། ཐའེ་ཝན་གྱི་མང་གཙོའི་ཆབ་སྲིད་དང་། བོད་མིའི་སྒྲིག་འཛུགས་ཀྱི་དམངས་གཙོའི་ལམ་ལུགས་སོགས་ཀྱིས་མ་འོངས་རྒྱ་ནག་མང་གཙོའི་རྒྱལ་ཁབ་ཅིག་ལ་འགྲོ་ཐུབ་པའི་ཐུན་མོང་གི་གཞི་རྟེན་འཚོལ་རྒྱུ་ཙམ་མ་ཟད། དུས་རབས་གསར་པའི་འགྱུར་ལྡོག་ལ་མཉམ་རུབ་ཀྱིས་གདོང་ལེན་བྱ་ཕྱོགས་སོགས་ཀྱི་ཐད་གོ་བསྡུར་སྦྱང་བཤེར་གནང་རྒྱུ་ཡིན་པ་འགྲེལ་བརྗོད་གནང་བྱུང་།

ད་རེས་རྒྱལ་སྤྱིའིརང་བཞིན་གྱི་བགྲོ་གླེང་ལྷན་ཚོགས་དེའི་ཐོག་བོད་མིའི་སྒྲིག་འཛུགས་བཀའ་ཤག་སྐབས་ ༡༦ པའི་ཆབ་སྲིད་དྲུང་ཆེ་བཀྲ་ཤིས་རྒྱ་མཚོ་ལགས་དང་། བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་འགན་འཛིན་ཟླ་བ་ཚེ་རིང་ལགས་དང་ཉམས་ཞིབ་པ། དེ་བཞིན་ཨ་རི་དང་ཡུ་རོབ་སོགས་ནས་ཉམས་ཞིབ་པ་དང་དམངས་གཙོ་དོན་གཉེར་བ། མཁས་པ་སོགས་མཉམ་ཞུགས་གནང་གི་ཡོད་འདུག

ཡང་རིང་མིན་ཕྱི་ཟླ་ ༡ པོའི་ཚེས་ ༡༣ ཉིན་ཐའེ་ཝན་རྒྱལ་ཡོངས་སྲིད་འཛིན་གྱི་འོས་བསྡུ་དངོས་གཞི་དེ་འགོ་ཚུགས་གནང་གི་ཡོད་པ་དང་། འོས་བསྡུ་དེས་བོད་མིར་ཤུགས་རྐྱེན་ཇི་ལྟར་ཐེབས་མིན་སྐོར་ཐའེ་ཝན་སྐུ་ཚབ་དོན་གཅོད་ལ་བཀའ་འདྲི་ཞུས་པར། ད་ལྟའི་གཞུང་འཛིན་ཆབ་སྲིད་ཚོགས་པ་སྟེ། དམངས་གཙོ་ཡར་ཐོན་ཚོགས་པ་ནི་འདས་པའི་ལོ་ ༨ རིང་༸སྐུ་ཚབ་དོན་གཅོད་ཚུད་པའི་བོད་མི་དང་འབྲེལ་བ་བཟང་པོ་བྱུང་ཡོད་པས། གཞུང་འཛིན་ཆབ་སྲིད་ཚོགས་པ་དེ་ཉིད་ལ་སླར་ཡང་རྒྱལ་ཁབ་ཐོབ་པ་ཡིན་ན། བོད་མིར་བཟང་ཕྱོགས་ཀྱི་ཤུགས་རྐྱེན་ཡོང་བའི་རེ་བ་ཡོད་ཅེས་གསུངས་བྱུང་། 

གཞན་ཡང་ཁ་སྔོན་ཕྱི་ལོ་ ༢༠༢༣ ལོའི་ལོ་མཇུག་ཏུ་ཐའེ་ཝན་དམངས་གཙོ་ཡར་ཐོན་ཆབ་སྲིད་ཚོགས་པའི་སྲིད་འཛིན་གྱི་འོས་མི་ལེ་ཆིན་ཏི་(Lai Ching-Te)ལགས་ཀྱིས། འཛམ་གླིང་མི་མང་གི་ཐའེ་ཝན་གྱི་འོས་བསྡུར་དོ་སྣང་གནང་བཞིན་ཡོད་པས། ཐའེ་ཝན་མི་མང་ནི་དམངས་གཙོའི་ལམ་བུའི་ཕྱོགས་སུ་མུ་མཐུད་བསྐྱོད་པའམ། ཡང་ན་རྒྱ་ནག་གཅིག་གི་སྲིད་ཇུས་འོག་གནས་རྒྱུ་ཡིན་མིན་ཐད་འདེམས་གསེས་བྱ་དགོས་ཞེས་བརྗོད་ཡོད་པ་མ་ཟད་། དམངས་གཙོ་ཡར་ཐོན་ཆབ་སྲིད་ཚོགས་པས།  འདི་ཚེས་ ༩ ཉིན་གསར་འགོད་གསལ་བསྒྲགས་ཤིག་གི་ཐོག་ཐའེ་ཝན་ནི་རང་བཙན་རྒྱལ་ཁབ་ཅིག་ཡིན་པ་སླར་ཡང་གསལ་བསྒྲགས་སྤེལ་འདུག འོན་ཀྱང་། རྒྱ་ནག་གཞུང་གིས་ལངས་ཕྱོགས་དེར་ངོས་ལེན་བྱེད་ཀྱི་མེད་པ་རེད།

གསར་འགོད་པ། བློ་བཟང་དགེ་ལེགས།         
རྩོམ་སྒྲིག་པ།  ཡེ་ཤེས་ཟླ་བ། 
དྲྭ་ཐོག་སྤེལ་མཁན། ཡེ་ཤེས་ཟླ་བ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་སྐད་ཡིག་སྡེ་ཚན་ཕལ་ཆེ་བ་སྒོ་བརྒྱབ་རྒྱུའི་གསལ་བསྒྲགས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཨ་རྒྱ་གཉིས་ཀྱི་ཚོང་དམག་ཁྲོད་བཟོ་གྲྭ་མང་པོ་སྒོ་བརྒྱབ་པའི་རྐྱེན་གྱིས་རྒྱ་ནག་གི་ས་ཁུལ་གང་སར་ལས་མིས་ངོ་རྒོལ་བྱེད་བཞིན་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎

མཆན།

JeffreySceva
Jan 10, 2024 12:22 PM

Hello there we all,

Recently desired to express my thankfulness for discovering this fantastic place. The material is also well-crafted but also remarkably educational. It's been a real source of knowledge for me in grasping various juridical facets.

I've been diving into the importance of legal advocacy lately, specially in situations involving traffic substance offenses, and other criminal concerns. Your online platform may seem like the perfect place to find insights. If you or a person you know has queries about hiring a legal representative for these legal concerns, I highly recommend exploring the richness of resources readily available right here.

Thanks much for the remarkable asset!

Thank You
<a href=https://www.bouchardcincinnaticriminalduiattorney.com/practice-areas/property-and-theft-crimes/>parole repeal lawyer in Oxford OH</a>