གནམ་མཁའ་བྱམས་ལ་ཁྲིམས་བཅད།


2013.06.13
གནམ་མཁའ་བྱམས་ལགས།
རྒྱ་ནག་གི་གཞུང་འབྲེལ་བརྙན་འཕྲིན།

༄༅།    །ཕྱི་ཟླ་གཉིས་པའི་ནང་རྒྱ་ནག་གཞུང་གིས་བོད་ནང་རང་ལུས་མེར་བསྲེགས་སྐོར་ལ་བརྙན་འཕྲིན་བཟོས་ནས་རྒྱལ་སྤྱིའི་སྟེང་བཀྲམས་ཡོད་པའི་ནང་།  ཨ་མདོ་རེབ་གོང་ས་ཁུལ་དུ་ལོ་མང་རིང་དགེ་རྒན་གྱི་ལས་ཀ་བྱས་ནས་དེང་སྐབས་ལས་འཁྱུར་ངལ་གསོ་བྱས་ཡོད་པའི་གནམ་མཁའ་བྱམས་ལགས་ཆེད་དུ་བསྟན་ནས།   རྒྱལ་ཁབ་ཀྱི་ཕོགས་ཟ་བཞིན་པའི་ལས་བྱེད་ཅིག་གིས་རྒྱལ་ཁབ་ངོ་རྒོལ་བྱེད་བཞིན་ཡོད་པརཉེས་འཛུགས་བྱས་ནས་དྲིལ་བསྒྲགས་ཤུགས་ཆེ་བྱས་ཡོད་པ་རེད།   བོད་ནས་ཁུངས་ལྡན་གནས་ཚུལ་འབྱོར་བ་ལྟར་ན།   ཕྱི་ཟླ་ལྔ་བའི་ཟླ་འགོ་ཙམ་ལ།  ས་གནས་རྒྱ་ནག་མི་དམངས་ཁྲིམས་ཁང་གིས་དགེ་རྒན་གནམ་མཁའ་བྱམས་ལགས་སུ་རེབ་གོང་ཁུལ་དུ་རང་ལུས་མེར་སྲེག་སྐོར་གྱི་འདྲ་པར་ཕྱི་ཕྱོགས་སུ་བཏང་བར་ཉེས་འཛུགས་བྱས་ནས་ལོ་དྲུག་གི་བཙོན་འཇུག་ཁྲིམས་ཐག་བཅད་འདུག     ཁོང་བཙོན་ཁང་དུ་འགྲོ་སྐབས་ནང་མི་བུ་ཕྲུག་ཚོར་ཁ་ཏ་གནང་སྐབས།    ངས་རྐུན་མ་རྒྱག་པ་དང་།  འཕྲོག་བཅོམ་བྱས་བ་སོགས་ལ་བརྟེན་ནས་བཙོན་ཁང་དུ་འགྲོ་ཡི་མེད་པར་མི་རིོགས་ཀྱི་ཆེད་དུ་བཙོན་དུ་ཚུད་སོང་བས་ཁྱེད་ཚོས་སེམས་ཁུར་གང་ཡང་མ་བྱེད། ཞེས་སེམས་གསོ་བཏང་ཡོད་འདུག
གནམ་མཁའ་བྱམས་ལགས་རང་ལོ་༥༢ཙམ་ཡིན་པ་དང་།  རེབ་གོང་ལྕང་སྐྱ་སྡེ་བ་ནས་ཡིན་ལ།   ༡༩༨༠ ནང་རྨ་ལྷོ་དགེ་ཐོན་སློབ་གྲྭ་ནས་སློབ་མཐར་ཕྱིན་པ་ནས་བཟུང།  མི་ལོ་སུམ་ཅུ་ཙམ་ལ་རེབ་གོང་ས་ཁུལ་ཀྱི་སློབ་ཆུང་ཁག་གི་དགེ་རྒན་བྱས་ཡོད་པ་དང་།  འདས་པའི་ལོ་ཤས་སྔོན་ནས་དགེ་རྒན་ནས་ལས་འཁྱུར་ངལ་གསོ་བྱས་ནས་རྨ་ལྷོ་ཁུལ་ཐོག་ཏུ་གནས་སྡོད་བྱས་ཡོད་པ་རེད།  ད་ཐེངས་རྒྱ་ནག་གཞུང་གིས་དགེ་རྒན་གནམ་མཁའ་བྱམས་ལ་ལ་ལོ་དྲུག་གི་བཙོན་འཇུག་ཁྲིམས་ཐག་བཅད་པ་འདི་ནི་རེབ་གོང་ས་ཁུལ་དུ་རང་ལུས་མེར་སྲེག་དང་འབྲེལ་ནས་རྒྱལ་ཁབ་ཀྱི་ལས་བྱེད་ཅིག་ལ་ཁྲིམས་ཐག་བཅད་པ་ཐོག་མ་དེ་ཡིན་པ་རེད།།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བཙན་བྱོལ་ནང་གི་མི་རབས་གཞོན་པ་རྣམས་ལ་བོད་ནང་གི་ཛ་དྲག་གནས་སྟངས་ངོ་སྤྲོད་བྱ་ཆེད། སྙིང་སྟོབས་ཀྱི་འབོད་སྒྲ ཅེས་པའི་གཏམ་བརྗོད་གཟིགས་འབུལ་ཞུ་བཞིན་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎