བོད་ཀྱི་མལ་གྲོ་གུང་དཀར་དུ་རྒྱ་ནག་གིས་ཟངས་གཏེར་བསྔོག་འདོན་སྐབས་སུ། ལས་མི་དྲུག་བོར་བརླག་ཏུ་ཕྱིན་ཡོད་ནའང་ལས་མི་དེ་དག་བོད་མི་ཡིན་མིན་གྱི་གསལ་ཁ་བཟོས་མེད་པ།

2023.05.18
བོད་ཀྱི་མལ་གྲོ་གུང་དཀར་དུ་རྒྱ་ནག་གིས་ཟངས་གཏེར་བསྔོག་འདོན་སྐབས་སུ། ལས་མི་དྲུག་བོར་བརླག་ཏུ་ཕྱིན་ཡོད་ནའང་ལས་མི་དེ་དག་བོད་མི་ཡིན་མིན་གྱི་གསལ་ཁ་བཟོས་མེད་པ། པར་ཚགས། མལ་གྲོ་གུང་དཀར་རྫོང་རྒྱ་མ་ཤང་གི་གཏེར་ཁ་སྔོག་ཡུལ།
Photo: RFA

ཉེ་ལམ་སྤྱི་ཟླ་༥པའི་ཚེས་༡༤ཉིན་བོད་རང་སྐྱོང་ལྗོངས་ཀྱི་མལ་གྲོ་གུང་དཀར་ས་གནས་སུ། རྒྱ་ནག་གི་Zijin Mining Groupཙི་ཅིན་གཏེར་ཁ་བསྔོག་འདོན་གྱི་བཟོ་གྲྭའི་ཁོངས་སུ་གཏོགས་པ།
Julongཟངས་གཏེར་བསྔོག་འདོན་གྱི་ཚོགས་པའི་ལས་མི་དྲུག་གཏེར་ཁའི་བསྔོག་སའི་དོང་ནང་བོར་བརླག་ཕྱིན་ཡོད་པར་བརྟེན། བཟོ་གྲྭ་དེས་གཏེར་ཁ་བསྔོག་འདོན་གྱི་ལས་མཚམས་བཞག་སྟེ་ལས་མི་དེ་འཚོལ་བཞིན་པའི་གནས་ཚུལ་ཐོན་ཡོད་ནའང་། ལས་མི་དེ་ཚོ་བོད་རིགས་ཡིན་མིན་གྱི་གནས་ཚུལ་གསལ་ཁ་གང་ཡང་བཤད་མེད་པས། འདི་ག་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ནས་བཟོ་གྲྭ་ལ་འབྲེལ་བ་ཐེངས་མང་བྱས་ཀྱང་། བཟོ་གྲྭ་དེས་རྩ་བ་ནས་ལན་འདེབས་བྱས་མ་སོང་ལ། བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་བོད་ནང་གཏེར་ཁ་བསྔོག་འདོན་གྱི་ཆེད་ལས་ཉམས་ཞིབ་པ་དོན་གྲུབ་དབང་མོ་ལགས་ནས། རྒྱ་ནག་གི་ཙི་ཅིན་གཏེར་བསྔོག་བཟོ་གྲྭའི་ཁེ་ཕན་གྱི་བརྒྱ་ཆ་ལྔ་བཅུ་ཙམ་བོད་ནས་གཏེར་ཁ་བསྔོག་འདོན་གྱི་བཟོ་བཞིན་པ་དང་། བཟོ་གྲྭ་དེས་བོད་ནང་གཏེར་ཁ་བསྔོག་འདོན་གྱི་ས་ཚིགས་མི་འདྲ་བ་གསུམ་བདག་བཟུང་བྱས་ཡོད་པ་སོགས་འགྲེལ་བརྗོད་གནང་གི་འདུག
གཞན་ཡང་བཙན་བྱོལ་དུ་གནས་སྡོད་མལ་གྲོ་གུང་དཀར་ནས་ཡིན་པ་མིང་བརྗོད་འདོད་མེད་པ་ཞིག་ནས། རྒྱ་ནག་གཞུང་གིས་བོད་ཀྱི་རྒྱལ་ས་ལྷ་སའི་ཁྱབ་ཁོངས་ཀྱི་མལ་གྲོ་གུང་དཀར་རྫོང་རྒྱ་མ་ཤང་དུ། སྤྱི་ལོ་༡༩༨༠ནང་ནས་བརྟག་དཔྱད་ཀྱིས་གཏེར་ཁ་སྣ་ཚོགས་རྙེད་དེ། རྒྱ་མ་ཤང་གི་ས་གནས་འདྲ་མིན་ནང་གསེར་ཟངས་ཀྱི་གཏེར་རྫས་བསྔོག་འདོན་བྱ་མགོ་བརྩམས་ཡོད་པ་དང་། ས་གནས་བོད་མི་མང་པོ་བཙན་གྱིས་གནས་སྤོས་བྱ་དགོས་ཐུག་སྟེ་འཚོ་རྟེན་མེད་པར་བཟོས་པ་དང་། སེམས་ཅན་སྒོ་ཕྱུགས་མང་པོ་གཏེར་ཁའི་དུག་ཆུ་འཐུང་ནས་ཤི་གོད་བྱུང་བ། བོད་མི་མང་པོས་འུ་ཐུག་ནས་ངོ་རྒོལ་བྱས་པར་བརྟེན། བོད་མི་མང་པོ་འཛིན་བཟུང་དང་ཁ་ཤས་ལ་ལོ་མང་བཙོན་འཇུག་གི་ཁྲིམས་ཐག་བཅད་པ་སོགས་འགྲེལ་བརྗོད་གནང་གི་འདུག
ཡང་ཁོང་ནས་རྒྱ་ནག་གཞུང་གིས་ས་གནས་བོད་མི་ཚོར་འཚོ་རྟེན་གྱི་ཚུལ་དུ་དོས་སྐྱེལ་རླངས་འཁོར་བཏང་བཅུག་ནས་གཏེར་རྫས་སྐྱེལ་འདྲེན་བྱེད་བཅུག་ཡོད་ནའང་། རླངས་འཁོར་ནང་ཅ་ལག་བླུགས་ནས་ཐམ་ག་བརྒྱབས་ཏེ་ཅ་ལག་ཅི་ཡིན་བལྟ་མི་ཆོག་པ་དང་། མེ་འཁོར་འབབ་ཚུགས་ནས་རྒྱ་ནག་དམག་མིས་དབོར་འདྲེན་བྱེད་ཀྱི་ཡོད་པ་མ་ཟད། གཏེར་ཁུང་དུ་གསང་རྒྱ་དམ་པོ་བྱས་ཏེ་རྒྱ་མི་མ་གཏོགས་བོད་མི་ཚོ་གང་བྱུང་བཏང་གི་མེད་པར་བརྟེན། གཏེར་ཁུང་དུ་བོད་རིགས་ལས་མི་ཡོད་མེད་དོགས་གཞི་ཡིན་པ་འགྲེལ་བརྗོད་གནང་གི་འདུག
བོད་ཀྱི་རྒྱལ་ས་ལྷ་སའི་ཁྱབ་ཁོངས་ཀྱི་མལ་གྲོ་གུང་དཀར་རྫོང་རྒྱ་མ་ཤང་དུ། སྤྱི་ལོ་༢༠༡༣ལོར་ཡང་གཏེར་ཁ་བསྔོག་སར་རི་ཉིལ་གྱི་དོན་རྐྱེན་བྱུང་སྟེ། བོད་མི་༢ཚུད་པའི་ལས་མི་༨༣ས་འོག་ཏུ་ཤོར་བའི་གནས་ཚུལ་བྱུང་ཡོད་པ་དང་།
Julongགཏེར་སྔོག་ས་ཚིགས་སུ་ཟངས་དང་ལྕགས་རིགས་སྣ་འདུས་ཀྱི་གཏེར་རྫས་སྔོག་འདོན་བྱེད་བཞིན་པ་ལས། ས་ཚིགས་དེ་ནས་ལོ་རེའི་ནང་ཟངས་གཏེར་ཏྲོན་ཆིག་འབུམ་ཆིག་ཁྲི་ལྔ་སྟོང་རེ་བསྔོག་འདོན་བྱེད་བཞིན་པ་དང་། ལྕགས་རིགས་སྣ་འདུས་ཀྱི་གཏེར་རྫས་ཀྱིས་གློག་ཆས་དང་ཁ་པར་གྱི་གློག་རྫས། གློག་ཀླད་དང་ཁ་པར་གྱི་ཤེལ་སྒོ་སོགས་བཟོ་སྐྲུན་ཐོན་སྐྱེད་བྱེད་ཀྱི་ཡོད་པ་རེད།།
གསར་འགོད་པ། བློ་བྷེ།
རྩོམ་སྒྲིག་པ། བཀྲིས་དབང་ཕྱུག
དྲ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲ་ཐོག་སྤེལ་མཁན། རྟ་མགྲིན་དབང་ཕྱུག

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོའི་གསེར་ཁྲི་མངའ་གསོལ་མཛད་སྒོའི་སྐབས་ཀྱི་གནས་སྟངས་གསལ་བའི་ཆུ་ཚོན་རི་མོ་ངོ་མ་ ༤༠ ཚོང་སྒྱུར་གནང་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎