སྲིད་སྐྱོང་མཆོག་པོརྚ་ལེནྜ་ལ་ཕེབས་པ།


2013.08.26
སྲིད་སྐྱོང་མཆོག་པོརྚ་ལེནྜ་ལ་ཕེབས་པ། སྲིད་སྐྱོང་མཆོག་གིས་ཨ་རིའི་གྲོང་ཁྱེར་པོརྚ་ལེནྜ་རུ་བོད་མི་ཚོར་གསུང་བཤད་གནང་བཞིན་པ།
བོད་མིའི་སྒྲིག་འཛུགས།

༄༅། །སྲིད་སྐྱོང་བློ་བཟང་སེང་གེ་མཆོག་འདི་ཟླའི་ཚེས་༢༢ ནས་བཟུང་ཚེས་༢༨་བར་ཨ་མེ་རི་ཀའི་ནང་གཟིཌ་སྐོར་གནང་བཞིན་པ་ལྟར། གཟའ་པ་སངས་ཉིན་ཨ་རིའི་ནུབ་དབུས་མངའ་སྡེ་Oregon ཡི་གྲོང་ཁྱེར་Portland ནང་ཕེབས་འབྱོར་སྐབས་ས་གནས་བོད་མི་རྣམས་ཀྱིས་གུས་བསུའི་སྣེ་ལེན་ཟབ་རྒྱས་ཞུས་འདུག The Oregonian ཞེས་པའི་ས་གནས་གསར་ཤོག་གིས་ཁ་ས་གནས་ཚུལ་སྤེལ་དོན་ལྟར་ན། ཚོཌ་་མི་༦༠༠་ལྷག་ཡོད་པའི་ནུབ་བྱང་བོད་མིའི་རིག་གནས་ཚོཌ་པ་ཞེས་པའི་ས་གནས་བོད་མིའི་སྤྱི་མཐུན་ཚོཌ་པས་གཟའ་པ་སངས་ཀྱི་དགོང་དྲོར་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་ལ་ཆེ་བསྟོད་ཀྱི་གསོལ་སྟོན་ཞིག་བཤམ་པ་དང་འབྲེལ་ཁོང་གིས་མང་ཚོཌ་ལ་བཀའ་སློབ་གནང་སྐབས་མི་མང་རྣམས་ཀྱིས་ཐུཌ་སྣང་ཆེན་པོའི་སྒོ་ནས་གསན་པ་དང་མཚམས་རེ་ཕྱག་བརྡབས་ནས་དགའ་བསུ་ཞུས་ཡོད་པ་རེད། སྲིད་སྐྱོང་མཆོག་གིས་ཕྱི་ལོ་༢༠༠༩་ལོ་ནས་བཟུང་ད་བར་བོད་མི་༡༢༠་ཡིས་རང་ལུས་མེར་བསྲེཌ་གནང་སྟེ་རྒྱ་ནག་གཞུང་ལ་ངོ་རྒོལ་གནང་བ་དང་ཁོང་རྣམས་ཀྱིས་རང་ལུས་མེར་བསྲེཌ་གནང་དོན་ནི། རྒྱ་ནག་གཞུང་གིས་བོད་ཐོག་བཙན་དབང་བྱེད་མུས་དང་བོད་མིའི་ཐོག་དྲག་གནོན་ཆེ་བའི་སྲིད་ཇུས་འཛིན་བཞིན་པ་ དཔལ་འབྱོར་ཐོག་ནས་བོད་མི་རྣམས་ཟུར་བཀག་བྱེད་མུས་མ་ཟད། བོད་པའི་འབྲོག་པ་ས་ཡ་གཉིས་ལྷག་ལ་བཙན་ཤེད་བཏང་སྟེ་ས་ཆ་གཅིག་ལ་གཞིས་ཆཌ་སུ་བཅུཌ་པར་བརྟེན་ནས་ཡིན་པའི་སྐོར་སོཌ་བཀའ་གནང་འདུག།  

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བཙན་བྱོལ་ནང་གི་མི་རབས་གཞོན་པ་རྣམས་ལ་བོད་ནང་གི་ཛ་དྲག་གནས་སྟངས་ངོ་སྤྲོད་བྱ་ཆེད། སྙིང་སྟོབས་ཀྱི་འབོད་སྒྲ ཅེས་པའི་གཏམ་བརྗོད་གཟིགས་འབུལ་ཞུ་བཞིན་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎