སྲིད་སྐྱོང་མཆོག་ཁེ་ནཱ་ཊ་དང་ཨ་རིར་ཕེབས་འཆར་འདུག


2014.11.19
སྲིད་སྐྱོང་བློ་བཟང་སེང་གེ་མཆོག སྲིད་སྐྱོང་མཆོག་ཨ་རིའི་གནད་ཡོད་མི་སྣ་དང་མཇལ་འཕྲད།
པར། ཨེ་ཤེ་ཡ་རང་དབང་རླུང་འཕྲིན། ཀླུ་འབུམ་བཀྲ་ཤིས།

སྲིད་སྐྱོང་བློ་བཟང་སེང་གེ་མཆོག་རྡ་རམ་ས་ལ་ནས་ཕེབས་ཐོན་གྱིས་ཨ་མེ་རི་ཀ་དང་ཁེ་ན་ཌའི་ནང་འཚམས་གཟིགས་ལ་ཕེབས་འཆར་འདུག
དེ་ཡང་དབུས་བོད་མིའི་སྒྲིག་འཛུགས་ཀྱིས་གནས་ཚུལ་སྤེལ་དོན་ལྟར་ན། དེ་རིང་ཕྱི་ཚེས་༡༩་ཉིན་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་རྒྱ་གར་བྱང་ཕྱོགས་བཞུགས་སྒར་རྡ་རམ་ས་ལ་ནས་རྒྱལ་ས་ལྡི་ལིའི་ཕྱོགས་སུ་ཕེབས་ཐོན་གནང་ཡོད་པ་དང་། སང་ཉིན་ཕྱི་ཚེས་༢༠་ཉིན་ལྡི་ལིར་གནད་ཡོད་མི་སྣ་ཁག་དང་མཇལ་འཕྲད་གནང་རྒྱུ་དང་། དེ་ནས་ཚེས་༢༡་ཉིན་ཨ་མི་རི་ཀའི་ཤར་ཕྱོགས་མངའ་སྡེ་ནེའུ་ཇར་སིའི་གྲོང་ཁྱེར་Newarkནང་ཕེབས་འབྱོར་གནང་གི་ཡོད་པ་དང་། ཉིན་དེ་རང་ལ་ཁེ་ན་ཌའི་གྲོང་ཁྱེར་Halifaxནང་ཕེབས་འབྱོར་གནང་ནས་ཕྱི་ཚེས་༢༡་ནས་༢༦་བར་གྲོང་ཁྱེར་དེའི་ནང་Halifax International Security Forumཞེས་རྒྱལ་སྤྱིའི་བདེ་འཇགས་ཀྱི་གླེང་སྟེགས་ཞེས་པའི་ལྷན་ཚོགས་ནང་ལྷན་བཞུགས་གནང་རྒྱུ་དང་། ཁེ་ན་ཌའི་གྲོང་ཁྱེར་Montrealདང་། Ottawaབཅས་སུ་ཕེབས་ནས་བོད་མི་རྣམས་ལ་གསུང་བཤད་གནང་རྒྱུ་དང་གནད་ཡོད་མི་སྣ་ཁག་དང་མཇལ་འཕྲད་གནང་འཆར་འདུག དེ་རྗེས་སྲིད་སྐྱོང་མཆོག་ཨ་མེ་རི་ཀའི་བྱང་ཕྱོགས་མངའ་སྡེ་Vermont ལ་ཕེབས་ནས་ཁུལ་དེར་གནས་ཞུགས་བོད་མི་རྣམས་ལ་གསུང་བཤད་གནང་རྒྱུ་དང་། མངའ་སྡེའི་སྤྱི་ཁྱབ་Peter Shumlinམཆོག་དང་མཇལ་འཕྲད་གནང་འཆར་འདུག དེ་བཞིན་ཕྱི་ཟླ་༡༡་པའི་ཚེས་༣༠་ནས་ཕྱི་ཟླ་༡༢་པའི་ཚེས་༥་བར་ཨ་རིའི་མངའ་སྡེ་Wisconsinདང་། གྲོང་ཁྱེར་ཅི་གྷ་གོ མངའ་སྡེ་New Mexicoའི་རྒྱལ་ས་Santa Feདེ་ནས་གྲོང་ཁྱེར་བྷོསུ་ཀྲོན་བཅས་ནང་གི་བོད་མི་རྣམས་ལ་གསུང་བཤད་གནང་རྒྱུ་མ་ཟད། གྲོས་ཚོགས་འཐུས་མི་གཙོས་པའི་གནད་ཡོད་མི་སྣ་ཁག་དང་མཇལ་འཕྲད་གནང་འཆར་འདུག དེ་ནས་ཕྱི་ཟླ་༡༢་པའི་ཚེས་༦།༧་ཉིན་བྷོ་སི་ཀྲོན་ནས་སུས་སིའི་གྲོང་ཁྱེར་Zurich བརྒྱུད་རྒྱ་གར་གྱི་ཕྱོགས་སུ་ཕེབས་ཐོན་གནང་རྒྱུ་རེད་འདུག

གསར་འགོད་པ་བསོད་ནམས་ལྷ་མོ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བཙན་བྱོལ་ནང་གི་མི་རབས་གཞོན་པ་རྣམས་ལ་བོད་ནང་གི་ཛ་དྲག་གནས་སྟངས་ངོ་སྤྲོད་བྱ་ཆེད། སྙིང་སྟོབས་ཀྱི་འབོད་སྒྲ ཅེས་པའི་གཏམ་བརྗོད་གཟིགས་འབུལ་ཞུ་བཞིན་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎