རྒྱ་ནག་གིས་སྐྱོན་བརྗོད་བྱས་པ་དེ་འགྲིག་མེད།
2016.12.18
༄༅། །བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དང་རྒྱ་གར་གྱི་སྲིད་འཛིན་Pranab Mukherjee རྣམ་གཉིས་མཇལ་འཕྲད་གནང་བར་རྒྱ་ནག་གཞུང་གིས་སྐྱོན་བརྗོད་བྱས་པ་དེ་འགྲིག་མེད་པ་དང་། རྒྱ་གར་གྱིས་གང་གནང་བ་དེ་འགྲིག་ཡོད་པ་ཞིག་ཡིན་ལུགས་སྲིད་སྐྱོང་བློ་བཟང་སེངྒེ་མཆོག་གིས་གསུངས་འདུག དེ་ཡང་རྒྱ་གར་གྱི་Economic Times ཞེས་པའི་གསར་ཤོག་གིས་གནས་ཚུལ་སྤེལ་བའི་ནང་སྲིད་སྐྱོང་མཆོག་གིས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནི་རྒྱ་གར་གྱི་ཧ་ཅང་ཆེ་མཐོང་ཆེ་བའི་སྐུ་མགྲོན་ཞིག་ཡིན་པའི་ཆ་ནས་སྲིད་འཛིན་Pranab Mukherjee མཆོག་གིས་སྲིད་འཛིན་ཕོ་བྲང་ནང་༸གོང་ས་མཆོག་དང་ལྷན་དུ་མཇལ་འཕྲད་ཞུས་པ་དེ་ནི་རྒྱ་གར་གྱི་གནད་དོན་ཞིག་རེད་ལ། ངའི་བསམ་པར་དེ་ནི་འགྲིག་བསྡད་ཡོད་པ་ཞིག་རེད་བསམ་གྱི་འདུག རྒྱ་ནག་གི་ངོས་ནས་དེའི་སྐོར་འགྲེལ་བརྗོད་དང་སྐྱོན་བརྗོད་སོགས་གང་ཡང་གནང་རྒྱུ་ཡོད་མ་རེད་བསམ་གྱི་འདུག་ཅེས་གསུངས་འདུག ཉིན་ཤས་གོང་སྲིད་འཛིན་ཕོ་བྲང་Rashtrapati Bhavanནང་བསྐོང་ཚོགས་གནང་བའི་བྱིས་པའི་དུས་སྟོན་ཞིག་གི་སྐབས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དང་རྒྱ་གར་གྱི་སྲིད་འཛིན་Mukherjee རྣམ་གཉིས་མཇལ་འཕྲད་གནང་བ་དེར་རྒྱ་ནག་གིས་དགག་བྱ་བྱས་ཡོད་ཀྱང་དེར་རྒྱ་གར་གྱིས་ངོས་ལེན་གནང་མེད་པ་རེད།།
གསར་འགོད་པ་ཚེ་དབང་དངོས་གྲུབ།