སྲིད་སྐྱོང་མཆོག་ནིའུ་ཛི་ལེན་ཌིའི་ནང་གཞུང་འབྲེལ་འཚམས་གཟིགས་ཆེད་ཕེབས་འབྱོར་བྱུང་འདུག
མཛད་རིམ་ཐད་སྲིད་སྐྱོང་མཆོག་ནིའུ་ཛི་ལེན་ཌིར་ཕེབས་བསུ་གོ་སྒྲིག་ཚོགས་ཆུང་གི་ཚོགས་གཙོ་དབང་འདུས་ཚེ་རིང་ལགས་ཀྱིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་གསུངས་ན། སྲིད་སྐྱོང་མཆོག་གིས་ཕྱི་ཚེས་༡༥ཉིན་ས་གནས་ཀྱི་བོད་མི་མང་ཚོགས་དང་། བོད་དོན་རྒྱབ་སྐྱོར་ཚོགས་པ་ཁག་གི་ཚོགས་མི་རྣམ་པ་བཅས་དང་རིམ་པས་མཇལ་འཕྲད་ཀྱིས་བཀའ་སློབ་གསུང་བཤད་གནང་རྒྱུ་དང་། ནིའུ་ཛི་ལེན་ཌི་རྒྱལ་ཡོངས་རླུང་འཕྲིན་ཁང་དང་གསར་ཁང་ཁག་ཅིག་གི་བཅར་འདྲི་དང་ལེན་གནང་རྒྱུ་བཅས་དང་། ཚེས་༡༦ཉིན་ནིའུ་ཛི་ལེན་ཌིའི་རྒྱལ་ས་(Wellington)་རུ་ཕེབས་ནས་ནིའུ་ཛི་ལེན་ཌིའི་གྲོས་ཚོགས་ནང་ཕེབས་ནས་བོད་དོན་སྐོར་གླེང་མོལ་གནང་རྒྱུ་སོགས་ཀྱི་མཛད་རིམ་ཡོད་པ་གསུངས་བྱུང་།
སྲིད་སྐྱོང་སྤེན་པ་ཚེ་རིང་ལགས་ཀྱིས་སྲིད་སྐྱོང་གི་མཛད་འགན་བཞེས་རྗེས། ནིའུ་ཛི་ལེན་ཌི་རྒྱལ་ཁབ་ནང་གཞུང་འབྲེལ་ཕྱོགས་ཕེབས་གནང་བ་ཐོག་མ་ཡིན་པ་རེད།
གསར་འགོད་པ། ཡེ་ཤེས་ཟླ་བ། ཀླུ་འབུམ།
རྩོམ་སྒྲིག་པ། རིག་ལྡན་སྒྲོལ་མ།
དྲྭ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།