རང་དབང་དང་དྲང་བདེན་འདྲ་མཉམ་གྱི་ལྟ་གྲུབ་རྩ་འཛིན་བྱེད་རོགས།


2018.02.08
སྲིད་སྐྱོང་མཆོག་ཨ་ཧྥེ་རི་ཀའི་ནང་། ༢༠༡༨།༢།༧ སྲིད་སྐྱོང་མཆོག་ཨ་ཧྥེ་རི་ཀའི་ནང་། ༢༠༡༨།༢།༧
tibet.net

ལྷོ་ཨ་ཧྥེ་རི་ཀའི་ངོས་ནས་ཡ་རབས་བཟང་སྤྱོད་ཀྱི་རིན་ཐང་དང་རང་དབང་། དྲང་བདེན་འདྲ་མཉམ་བཅས་ཀྱི་ལྟ་གྲུབ་རྩ་འཛིན་བྱེད་དགོས་པ་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་གསུངས་འདུག
དེ་ཡང་བོད་མིའི་སྒྲིག་འཛུགས་ཀྱིས་གནས་ཚུལ་སྤེལ་བ་ལྟར་ན། སྤྱི་ཟླ་༢པའི་ཚེས་༧ཉིན་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་ལྷོ་ཨ་ཧྥེ་རི་ཀའི་(Inkatha Freedom Party)་འམ་ཨིན་ཀ་ཐ་རང་དབང་སྲིད་དོན་ཚོགས་པ་ཐོག་མ་དབུ་བཙུགས་གནང་མཁན་དང་ཚོགས་གཙོ་རྒྱལ་སྲས་(Mongosuthu Buthelezi)་མཆོག་དང་། གཞན་ཡང་ལྷོ་ཨ་ཧྥེ་རི་ཀའི་གྲོས་ཚོགས་ཀྱི་འཐུས་མི་གཞན་ཁག་ཅིག་དང་དགོང་དྲོའི་གསོལ་སྟོན་ཞིག་གི་ཐོག་མཇལ་འཕྲད་གནང་ཡོད་པ་དང་། དེ་སྐབས་སྲིད་སྐྱོང་མཆོག་གིས་ལྷོ་ཨ་ཧྥེ་རི་ནང་གི་འཚམས་གཟིགས་ཐོག་མ་དེ་བཞིན་སེམས་འགུལ་ཐེབས་པ་ཞིག་བྱུང་ཚུལ་དང་། ལྷོ་ཨ་ཧྥེ་རི་ཀའི་ངོས་ནས་སྲོལ་ལུགས་རྩ་ཆེའི་བཟང་སྤྱོད་ཀྱི་རིན་ཐང་དང་རྩ་འཛིན་གྱི་ལྟ་གྲུབ་དེ་དག་རྒྱ་ནག་གི་གནོན་ཤུགས་འོག་ཁ་འཆོལ་དུ་མ་བཅུག་པར་གདོང་ལེན་གནང་བར་ཐུགས་རེ་གནང་བཞིན་ཡོད་པ་གསུངས་འདུག
དེ་བཞིན་སྲིད་སྐྱོང་མཆོག་གིས་ད་ལྟའི་བོད་ནང་གི་ཛ་དྲག་གནས་སྟངས་སྐོར་གསུངས་པ་ཆབས་ཅིག་ཨ་ཕི་རི་ཀའི་ཁུལ་དུ་རྒྱ་ནག་གི་ཤུགས་རྐྱེན་ཇེ་ཆེར་འགྲོ་བཞིན་པའི་སྐོར་གསལ་སྟོན་གནང་བ་དང་རྒྱལ་སྲས་མཆོག་ནི་བོད་ཀྱི་གྲོགས་པོ་ངོ་མ་ཞིག་ཡིན་པ་དང་ཁོང་གིས་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་དང་བོད་ཀྱི་བདེན་པའི་འཐབ་རྩོད་ལ་རྒྱབ་སྐྱོར་གནང་བཞིན་པ་ལ་ཐུགས་རྗེ་ཆེ་ཞུས་འདུག། དེ་ནས་རྒྱལ་སྲས་Buthelezi མཆོག་གིས་སྲིད་སྐྱོང་མཆོག་ལ་དགའ་བསུ་ཞུས་པ་དང་བཅས་ཏེ་ཁོང་གིས་༧གོང་ས་ཏྭ་ལའི་བླ་མ་མཆོག་ལ་བསྟོད་བསྔགས་ཆེན་པོ་ཞུས་པའི་ཐོག་ཁོང་གིས་དབུ་མའི་ལམ་དང་ལྔ་དང་ལྔ་བཅུའི་འཆར་སྣང་བཅས་ལ་རྒྱབ་སྐྱོར་ཞུ་བཞིན་ཡོད་པ་དང༌། བོད་ཀྱི་གནད་དོན་ནི་ཚང་མ་ལ་སེམས་འཚབ་དགོས་པའི་གནད་དོན་ཞིག་ཡིན་པ་དང་བོད་ལ་རང་སྐྱོང་གི་གནས་བབ་ཚད་ལྡན་གང་མགྱོགས་ཐོབ་ནས་བོད་ནང་རང་དབང་བསྐྱར་གསོ་ཡོང་བའི་ཐུགས་རེ་གནང་བཞིན་ཡོད་པ་སོགས་གསུངས་འདུག།

གསར་འགོད་པ་ཚེ་དབང་ནོར་བུ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོའི་གསེར་ཁྲི་མངའ་གསོལ་མཛད་སྒོའི་སྐབས་ཀྱི་གནས་སྟངས་གསལ་བའི་ཆུ་ཚོན་རི་མོ་ངོ་མ་ ༤༠ ཚོང་སྒྱུར་གནང་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎