སྲིད་སྐྱོང་མཆོག་གིས་ཆོས་ལུཊ་མཐུན་སྒྲིལ་གྱི་ལྷན་ཚོཊ་ཐོག་གཏམ་བཤད།


2015.10.26
སྲིད་སྐྱོང་མཆོག་ཆོས་ལུཊ་མཐུན་སྒྲིལ་གྱི་ལྷན་ཚོཊ་ཐོག་ཕེབས་སྐབས། ༢༠༡༥།༡༠།༢༦ སྲིད་སྐྱོང་མཆོག་ཆོས་ལུཊ་མཐུན་སྒྲིལ་གྱི་ལྷན་ཚོཊ་ཐོག་ཕེབས་སྐབས། ༢༠༡༥།༡༠།༢༦
tibet.net

མཁས་དབང་ཚོས་ཀྱང་ཆོས་ལུགས་ཚང་མ་ནས་བསླབ་བྱ་ལེན་དགོས་ཀྱི་རེད་ཅེས་སྲིད་སྐྱོང་མཆོག་གིས་གསུངས་བ།
དེ་ཡང་དབུས་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་ཟླ་བ་འདིའི་ཚེས་༢༦་སྟེ་དེ་རིང་གཟའ་ཟླ་བའི་ཉིན་རྒྱ་གར་དབུས་(Madhya Pradesh)གྱི་གྲོང་ཁྱེར་ Indoreནང་བསྐོངས་ཚོགས་གནང་བའི་ཆོས་ལུགས་མཐུན་སྒྲིལ་དང་། འགྲོ་བ་མིའི་བདེ་དོན་གོང་མཐོར་གཏོང་ཐབས་སྐོར་གྱི་ལྷན་ཚོགས་ཤིག་ཏུ་གདན་ཞུས་ལྟར་ཕེབས་ཡོད་འདུག
གོང་ཞུས་ལྷན་ཚོགས་དེའི་ཐོག་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་ནས་ཀྱང་གསུང་བཤད་གནང་ཡོད་པ་དང་། སྲིད་སྐྱོང་མཆོག་གིས། ༧གོང་ས་མཆོག་གིས་དུས་རྒྱུན་དུ་གསུངས་པ་བཞིན་མིའི་བདེ་སྐྱིད་ཀྱི་རྩ་བ་བྱམས་དང་སྙིང་རྗེ་ལ་རག་ལུས་ཡོད་པ་ལུང་འདྲེན་གྱིས། ཆོས་ལུགས་ཀྱི་དབུ་ཁྲིད་རྣམ་པས་སྤྱི་ཚོགས་ཀྱི་བདེ་རྩའི་ཆེད་གཞན་དོན་ལྷུར་ལེན་གནང་དགོས་ལུགས་གསུངས་གནང་འདུག ཁོང་གིས་མེས་པོ་དམ་པ་གྷན་དྷིས་(Gandhi)ཡིས། སྦྲང་བུས་མེ་ཏོག་ཚང་མ་ནས་སྦྲང་རྩི་ལེན་གྱི་ཡོད་ཞེས་གསུངས་པ་བཞིན། མཁས་དབང་ཚོས་ཀྱང་ཆོས་ལུགས་ཚང་མ་ནས་བསླབ་བྱ་ལེན་དགོས་ཀྱི་རེད་ཅེས་གསུངས་གནང་འདུག
ཆོས་ལུགས་དབུ་ཁྲིད་ཚང་མས་མིའི་སྤྱི་ཚོགས་ནང་བདེ་སྐྱིད་སྐྲུན་རྒྱུ་གལ་ཆེར་ངོས་འཛིན་སྤྱི་མཚུངས་དངོས་འབྲེལ་གནང་གི་ཡོད་ན། ཆོས་ལུགས་དང་ལྟ་བ་འདྲ་མིན་ཡོད་པ་ངོས་ལེན་གྱིས། ཚང་ནས་སྤྱི་མོས་ཐོུང་གི་ཐབས་ལམ་འཚོལ་རྒྱུ་གལ་ཆེན་པོ་ཡིན་པ་ལས་ཆོས་ལུགས་དང་ལྟ་བ་བྱེ་བྲག་པ་ཞིག་གིས་དེ་ལྟར་སྒྲུབ་ཐུབ་དང་། གཞན་པ་ཚོས་སྒྲུབ་མི་ཐུབ་པའི་རྣམ་གཞག་མཁྲེགས་པོ་བཟུང་ནས་འགྲིག་གི་མེད་ལུགས་ནན་བརྗོད་གནང་འདུག
གོང་དུ་ཞུས་པའི་ལྷན་ཚོགས་འདི་གོ་བསྒྲིགས་གནང་མཁན་མངའ་སྡེའི་རིག་གཞུང་སྲུང་སྐྱོབ་ལས་ཁུངས་དང་། Sanchi University of Buddhist-India Studiesདེ་དང་ཕྱོགས་མཚུངས་Center for Study of Religion & Society, India Foundationཞེས་ཆོས་ལུགས་དང་། སྤྱི་ཚོགས་ཉམས་ཞིབ་ལྟེ་གནས་ཁང་བཅས་ཡིན་འདུག དེ་རིང་ལྷན་ཚོགས་འདིའི་ནང་མཉམ་ཞུགས་གནང་གྲུབ་པའི་རྗེས་སུ་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་སང་ཉིན་ཚེས་ཉི་ཤུ་བདུན་ཉིན་བཞུགས་སྒར་རྡ་རམ་ས་ལར་ཕྱིར་ཕེབས་གནང་རྒྱུ་བཅས་ཀྱི་མཛད་འཆར་ཡོད་འདུག
ལྷན་ཚོགས་འདི་བཞིན་གྲོང་ཁྱེར་ཨིན་དོར་ནང་། ཁ་ས་ཕྱི་ཟླ་བཅུ་པའི་ཚེས་ཉི་ཤུ་བཞི་ཉིན་དབུ་འཛུགས་གནང་ནས་ཉིན་གྲངས་གསུམ་རིང་ཚོགས་གནང་གི་ཡོད་འདུག་ལ་ལྷན་ཚོགས་འདི་བཞིན་རྒྱལ་སྤྱིའི་ལྷན་ཚོགས་ཤིག་ཡིན་པ་མ་ཟད། ལྷན་ཚོགས་འདིའི་ནང་། ཁ་ས་འབྲུག་ཡུལ་གྱི་ཕྱི་སྲིད་བློན་ཆེན་དམ་ཆོས་རྡོ་རྗེ་མཆོག་ནས་ཀྱང་ཞི་བདེ་དང་། ཆོས་ལུགས་མཐུན་སྒྲིལ་སྐོར་གསུང་བཤད་གནང་བའི་སྐབས་སུ་འབྲུག་ཡུལ་ནང་གི་ཆོས་ལུགས་དང་མི་རིགས་མཐུན་སྒྲིལ་གནས་བབ་སོགས་སྐོར་གསུངས་འདུག

གསར་འགོད་པ་རིག་འཛིན་ཆོས་སྒྲོན་དང་ཀརྨ་རྒྱ་མཚོ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཌེ་ལྦེཌ་པར་ཌུ་ལགས་ཨ་རིའི་རྒྱ་ནག་གི་གཞུང་ཚབ་ཆེན་མོར་བསྐོ་གཞག་གནང་གཏན་འཁེལ་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎