༢༠༢༠ལོ་ནི་བོད་དོན་གཉན་འཕྲང་ཅན་གྱི་ལོ་དུས་ཡིན།


2014.11.05
འབྲས་ལྗོངས་མངའ་སྡེའི་སྤྱི་ཁྱབ་དྲུང་ཆེ་དང་ལྷན་མཇལ་འཕྲད་གནང་བཞིན་པ། ༢༠༡༤།༡༡།༤ འབྲས་ལྗོངས་མངའ་སྡེའི་སྤྱི་ཁྱབ་དྲུང་ཆེ་དང་ལྷན་མཇལ་འཕྲད་གནང་བཞིན་པ། ༢༠༡༤།༡༡།༤
བོད་མིའི་སྒྲིག་འཛུགས

སྲིད་སྐྱོང་མཆོག་གིས་མ་འོངས་༢༠༢༠ལོ་ནི་བོད་ཀྱི་གནད་དོན་ཆ་ནས་གཉན་འཕྲང་ཅན་གྱི་ལོ་དུས་ཤིག་ཆགས་ཀྱི་ཡོད་པའི་དྲན་སྐུལ་གནང་འདུག
དེ་ཡང་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་དེང་སྐབས་རྒྱ་གར་འབྲས་ལྗོངས་ཁུལ་དུ་གཞུང་འབྲེལ་ཕྱོགས་བསྐྱོད་གནང་བཞིན་པ་དང་། ཁ་ས་ཚེས་༤ཉིན་འབྲས་ལྗོངས་ས་གནས་ཀྱི་བོད་མི་མང་ཚོགས་ལ་བཀའ་སློབ་གསུངས་བཤད་གནང་སྐབས། མ་འོངས་༢༠༢༠ལོར་རྒྱ་ནག་གིས་བོད་ལ་བཙན་འཛུལ་བྱས་ནས་ལོ་ངོ་༧༠ཐམ་པ་ཧྲིལ་པོ་འཁོར་གྱི་ཡོད་པ་དང་། དུས་ཚོད་དེའི་སྐབས་རྒྱ་ནག་གིས་བོད་ནང་བཙན་འཛུལ་མ་བྱས་གོང་བོད་རང་བཙན་རྒྱལ་ཁབ་ནང་འཚར་ལོངས་བྱུང་བའི་མི་ཐོག་མང་ཆེ་བ་རྗོགས་འགྲོ་གིན་ཡོད་སྟབས་བཙན་བྱོལ་ནང་སྐྱེས་ནས་འཚར་བ་དང་། བོད་སྐོར་དྲན་བཤད་མེད་པའི་མི་ཐོག་དང་། དེ་བཞིན་བོད་ནང་། རྒྱ་ནག་གི་བཙན་གནོན་འོག་འཚར་ལོངས་བྱས་པའི་མི་ཐོག་གསར་པའི་བོད་མིའི་འགོ་འཁྲིད་རྣམས་ལ་དངོས་ཡོད་བོད་ཀྱི་གནད་དོན་ཐད། གདོང་ལེན་བྱ་དགོས་པའི་འགག་རྩའི་དུས་སྐབས་ཤིག་ཞིག་ཆགས་ཡོད་པས་བོད་དོན་འཐབ་རྩོད་ཀྱི་ལས་འགུལ་རྒྱུན་འཁྱོངས་ཆེད་བོད་མི་རྒན་རབས་རྣམས་མི་རབས་གསར་པའི་ན་གཞོན་བོད་རིགས་རྣམས་ལ་བོད་ཀྱི་ལོ་རྒྱུས་དང་རིག་གཞུང་སྐད་ཡིག་བཅས་པར་རྩིས་སྤྲོད་བྱ་གལ་ཆེ་བའི་སྐོར་ནན་སྐུལ་གནང་འདུག ད་དུང་༢༠༢༠བོད་ཀྱི་གནད་དོན་ཆ་ནས་དུས་ཚོད་དེ་བཞིན་གཉན་འཕྲང་ཅན་གྱི་ལོ་དུས་ཤིག་ཆགས་ཀྱི་ཡོད་པའི་སྐོར་དྲན་སྐུལ་གནང་འདུག སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་ད་རེས་འབྲས་ལྗོངས་ཁུལ་དུ་གཞུང་འབྲེལ་ཕྱོགས་ཕེབས་སྐབས་ཁ་ས་འབྲས་ལྗོངས་མངའ་སྡེའི་སྤྱི་ཁྱབ་དྲུང་ཆེ་རིན་ཆེན་དབང་མོ་ལགས་དང་ཆོས་རིག་དྲུང་ཆེ་བསྟན་འཛིན་དགེ་ལེགས་རིན་པོ་ཆེ་མཇལ་འཕྲད་གནང་ཐོག་ད་བར་རྒྱ་གར་གཞུང་མང་སྤྱི་དང་། ལྷག་པར་འབྲས་ལྗོངས་མངའ་སྡེའི་གཞུང་མང་གཉིས་ནས་དེ་ཁུལ་དུ་གནས་སྡོད་བོད་མི་སྐྱབས་བཅོལ་བ་ཚོར་མཐུན་འགྱུར་རོགས་རམ་རྒྱ་ཆེ་གནང་བར་ཐུགས་རྗེ་ཆེ་ལེགས་སྲོལ་ཞུས་པ་དང་སྦྲགས་མ་འོངས་པར་མུ་མཐུད་རྒྱབ་སྐྱོར་དང་རོགས་རམ་རྒྱ་ཆེ་ཡོང་བའི་འབོད་སྐུལ་ཞུས་འདུག
ཕྱི་ཚེས་༤ཉིན་ཉེ་ཆར་འབྲས་ལྗོངས་ཀྱི་རྒྱལ་སྲས་འཇིགས་བྲལ་ཚེ་དབང་རྣམ་རྒྱལ་མཆོག་དགོངས་པ་རྫོགས་པ་དེར་བཀའ་ཤག་གི་མཚན་ཐོག་ནས་མྱ་ངན་དང་ཐུགས་གསོའི་འཚམས་འདྲི་ཡང་གནང་ཡོད་པ་རེད།
གསར་འགོད་པ་དོན་གྲུབ་རྣམ་རྒྱལ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོའི་གསེར་ཁྲི་མངའ་གསོལ་མཛད་སྒོའི་སྐབས་ཀྱི་གནས་སྟངས་གསལ་བའི་ཆུ་ཚོན་རི་མོ་ངོ་མ་ ༤༠ ཚོང་སྒྱུར་གནང་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎