བོད་ཀྱི་གནད་དོན་དེ་ད་དུང་ཡང་ཕྱི་རྒྱལ་ཡུལ་གྲུ་ཁག་ནང་གནས་མུས་ཡིན།

སྲིད་སྐྱོང་མཆོག་ལ་ཧྥ་རན་སིའི་བརྙན་འཕྲིན་བརྒྱུད་ལམ་༢༤ཞེས་པས་བཅར་འདྲི། ༢༠༡༨།༡
སྲིད་སྐྱོང་མཆོག་ལ་ཧྥ་རན་སིའི་བརྙན་འཕྲིན་བརྒྱུད་ལམ་༢༤ཞེས་པས་བཅར་འདྲི། ༢༠༡༨།༡ (France24)

བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཧྥ་རན་སིའི་བརྙན་འཕྲིན་བརྒྱུད་ལམ་༢༤ཞེས་པའི་བགྲོ་གླེང་ལས་རིམ་ནང་བོད་ཀྱི་གནད་དོན་དེ་ད་དུང་ཡང་ཕྱི་རྒྱལ་ཡུལ་གྲུ་ཁག་ནང་གནས་མུས་ཡིན་པའི་སྐོར་གསུངས་འདུག
དེ་ཡང་སྲིང་སྐྱོང་བློ་བཟང་སེང་གེ་ལགས་ཉིན་ཤས་སྔོན་ཧྥ་རན་སི་ནང་ཕེབས་པའི་སྐབས་ཧྥ་རན་སིའི་བརྙན་འཕྲིན་བརྒྱུད་ལམ་༢༤འི་བགྲོ་གླེང་ལེ་ཚན་ནང་གདན་ཞུས་ཀྱིས་ལེ་ཚན་གཙོ་སྐྱོང་གནང་མཁན་གྱི་དྲི་བར་ལན་འདེབས་གནང་བའི་སྐབས། བོད་ཀྱི་གནད་དོན་སྤྱི་དང་དེ་བཞིན་ཉེ་བའི་ནང་རྒྱ་ནག་གཞུང་གིས་ཕྱི་རྒྱལ་ཡུལ་གྲུ་ཁག་དང་དམིགས་བསལ་ཡོ་རོབ་ཀྱི་ཡུལ་ཁག་ལ་དཔལ་འབྱོར་དང་ཚོང་དོན་སོགས་ཀྱི་ཤུགས་རྐྱེན་འོག་བོད་ཀྱི་གནད་དོན་ཡུལ་གྲུ་དེ་ཚོའི་ནང་གླེང་སློང་བྱ་རྒྱུ་དེ་སྔོན་ལས་ཤུགས་ཆུང་དུ་ཕྱིན་ཡོད་མིན་དང་། ལྷག་པར་དུ་ཡོ་རོབ་ཡུལ་གྲུ་ཁག་གི་དཔོན་རིགས་ཚོས་བོད་དོན་ཐོག་གི་རྒྱབ་སྐྱོར་ཤུགས་ཆུང་དུ་ཕྱིན་ཡོད་མེད་སོགས་ཀྱི་བཅའ་དྲིར་ལན་འདེབས་གནང་ཡོད་ཅིང་། སྲིད་སྐྱོང་མཆོག་ནས་ཕྱི་ལོ་༡༩༦༠་དང་ ༧༠ཅུའི་ནང་ཕྱི་རྒྱལ་ཡུལ་གྲུ་ཁག་ནང་བོད་ནང་གི་གནས་སྟངས་སྐོར་རྩ་བའི་ཆ་ནས་ཤེས་རྟོགས་མེད་ཅིང་། ཡིན་ནའི་༡༩༨༠ནས་༩༠ནང་ཕྱི་རྒྱལ་ཡུལ་གྲུ་ཁག་ནང་བོད་ཀྱི་གནད་དོན་དེ་ཤུགས་ཆེ་གླེང་སློང་བྱུང་ཡོད་པ་དང་། དེང་སྐབས་རྒྱ་ནག་གཞུང་གིས་དཔལ་འབྱོར་དང་ཚོང་དོན་སོགས་ཀྱི་ཕྱི་རྒྱལ་ཡུལ་ཁག་ནང་བོད་ཀྱི་གནད་དོན་གླེང་རྒྱུར་གནོན་ཤུགས་འོག་ཡུལ་གྲུ་ཁག་ཅིག་གི་དཔོན་རིགས་ནས་༧གོང་ས་མཆོག་དང་མཇལ་འཕྲད་ཞུ་ཡས་སོགས་བོད་དོན་སྐོར་གླེང་རྒྱུར་ཕྲན་བུའི་བཟོད་སྲན་བྱེད་ཀྱི་ཡོད་ཀྱང་། ད་རེས་ང་རང་ཡོ་རོབ་ཁུལ་དུ་ཡོང་ནས་བོད་དོན་གླེང་སློང་བྱེད་ཡས་སོགས་ཀྱིས་བོད་དོན་སྐོར་ཤུགས་ཆུང་དུ་ཕྱིན་པ་ཞིག་མཐོང་གི་མེད་པ་དང་། དམིགས་བསལ་བོད་ཀྱི་བཀའ་གནད་སེལ་རྒྱུར་མཐར་བོད་ཕྱི་ནང་གཉིས་ཀྱི་བོད་མི་ཚོའི་དབར་ཆིག་སྒྲིལ་གྱི་སྟོབས་ཤུགས་སོགས་ལ་བརྟེན་དགོས་ཀྱི་ཡོད་པ་ལན་འདེབས་གནང་ཡོད་འདུག

གསར་འགོད་པ་འཆི་མེད།