སྲིད་སྐྱོང་མཆོག་གིས་བུད་མེད་ཚོར་གཏམ་བཤད་གནང་བ།

སྲིད་སྐྱོང་མཆོག་གིས་བུད་མེད་ཚོར་གཏམ་བཤད་གནང་བཞིན་པ། ༢༠༡༤།༨།༥
སྲིད་སྐྱོང་མཆོག་གིས་བུད་མེད་ཚོར་གཏམ་བཤད་གནང་བཞིན་པ། ༢༠༡༤།༨།༥ (བོད་མིའི་སྒྲིག་འཛུགས)

བཀའ་ཤག་གི་ངོས་ནས་བཙན་གཡེམ་གནད་དོན་ཐད་གནས་ཡུལ་ཉེན་རྟོག་པར་རྩིས་སྤྲོད་དགོས་པའི་སྲིད་ཇུས་ཁ་གསལ་བཟུང་བཞིན་ཡོད་འདུག
དེ་ཡང་བཞུགས་སྒར་དུ་དབུས་བོད་ཀྱི་བེུད་ལྷན་ཚོགས་ནས་གོ་བསྒྲིགས་གནང་བའི་རྡ་ས་ཁུལ་གྱི་གཞུང་འབྲེལ་མིན་པའི་ཚོགས་པ་ཁག་གི་སྐུ་ཚབ་དང་། ས་གནས་བེུད་ལྷན་ཚོགས་ཁག་༡༦གི་ཚོགས་གཙོས་དབུས་རྒྱུན་ལས་དང་། སྐུ་ཚབ། ལྡི་ལི་མཐོ་སློབ་ཀྱི་སློབ་མ་བཅས་ཁྱོན་མི་གྲངས་༥༠ཙམ་ལ་བཙན་བྱོལ་བོད་ཀྱི་བེུད་ལ་ཁྲིམས་དོན་གྱི་ནུས་སྟོབས་གོང་འཕེལ་ཞེས་པའི་ཟབ་སྦྱོང་ཉིན་གཉིས་པའི་ཐོགབོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་གསུང་བཤད་གནང་བའི་ནང་། བོད་མིའི་སྤྱི་ཚོགས་ནང་བུད་མེད་ལ་གཙན་གཡེམ་གྱི་གནས་ཚུལ་རིམ་པ་བྱུང་བ་ཁག་བློ་ཕམ་གྱི་གནས་ཚུལ་དང་། བོད་མིའི་སྤྱི་ཚོགས་ནང་བུད་མེད་ལ་གཙན་གཡེམ་གྱི་གནས་ཚུལ་རིམ་པ་བྱུང་བར་བོད་མིའི་སྒྲིགས་འཛུགས་བཀའ་ཤག་གི་ངོས་ནས་གནད་དོན་དེའི་རིགས་གནས་ཡུལ་ཉེན་རྟོག་པར་རྩིས་སྤྲོད་དགོས་པའི་སྲིད་ཇུས་ཁ་གསལ་འཛོན་བཞིན་ཡོད་སྐོར་དང་། དེ་བཞིན་བོད་མིའི་སྒྲིག་འཛུགས་ཀྱི་ངོས་ནས་བེུད་ཀྱི་ནུས་ཤུགས་གོང་མཐོར་སྤེལ་ཆེད་འབད་བརྩོན་གང་ཐུབ་གནང་གི་ཡོད་པ་དང་། ཡིན་ནའི་ད་དུང་ཡར་རྒྱས་གཏོང་དགོས་པའི་གནས་ཚུལ་མང་པོ་ཡོད་ཅིང་། བོད་མིའི་སྒྲིག་འཛུགས་ངོས་ནས་བཀའ་བློན་བསྐོ་བཞག་བྱས་པའི་སྐབས་སུའང་བཀའ་བློན་གཉིས་བེུད་བསྐོས་ཡོད། ལོ་རྒྱུས་ལ་གཟིགས་ན་བེུད་བཀའ་བློན་མང་ཤོས་མིན་ན་ཡང་མང་བའི་གྲས་རེད་ཅེས་དང་། ད་དུང་སྲིད་སྐྱོང་མཆོག་ནས་གཞི་རྩའི་བོད་མིའི་སྒྲིག་འཛུགས་ཀྱི་སྲི་ཞུའི་ལས་བྱེད་ཁོངས་སུ་བེུད་འཛུལ་ཞུགས་གནང་མཁན་མང་དུ་འགྲོ་གི་ཡོད་པ་དང་། ཡིན་ནའི་སྐབས་རེ་སྤྱི་ཚོགས་ནང་གནས་སྟངས་ཁག་ཅིག་གི་ཐོག་དགོངས་ཚུལ་ཡོང་གི་ཡོད་པ་རེད། དཔེར་ན་དྲུང་ཆེ་བེུད་ག་རེ་བྱས་ནས་ཡོད་པ་མ་རེད་སོགས་གསུང་མཁན་ཡོད་པ་རེད། སྒྲིག་འཛུགས་ཀྱི་འགྲོ་ལུགས་ལྟར་ལས་བྱེད་ནང་འཛུལ་ཞུགས་བྱས་ཏེ་ཉུར་མཐར་ཞབས་ཞུ་ལོ་ཉི་ཤུ་ཙམ་མ་ཕྱིན་པ་ཡིན་ན། དྲུང་ཆེ་ཆགས་རྒྱུ་ཁག་པོ་རེད། དེར་བརྟེན་ལས་བྱེད་ནང་བེུད་ག་ཚོད་མང་བ་འཛུལ་ཞུགས་གནང་བ་དང་། ལས་བྱེད་ནང་དུས་ཡུན་ག་ཚོད་མང་བ་ཞུགས་པ་ཡིན་ན་དེ་ཙམ་མ་འོངས་པར་སྒྲིག་འཛུགས་ཀྱིས་ལས་ཁུངས་ཁག་གི་གནད་ཡོད་མི་སྣའི་ནང་བེུད་མང་དུ་འགྲོ་གི་རེད། ད་ལྟའི་ཆར་ཟུང་དྲུང་གནས་རིམ་ཐོག་བེུད་ལས་བྱེད་བརྒྱ་ཆ་༢༤དང་། དྲུང་འཕར་གཉིས། ཟུང་དྲུང་གཅིག་ཡོད་སོགས་གསུང་བཤད་གནང་འདུག

གསར་འགོད་པ་འཆི་མེད།

གོང་གི་གསར་འགྱུར་དང་འབྲེལ་བའི་གནས་ཚུལ་འདི་གའི་གསར་འགོད་པ་བསྟན་འཛིན་དབང་རྒྱལ་ལགས་ཀྱིས་བཞུགས་སྒར་རྡ་རམ་ས་ལ་ནས་བཏང་བར་གསན་རོགས༎

(Tamdin Wangchuk)

གསར་འགོད་པ་བསྟན་འཛིན་དབང་རྒྱལ།