སློབ་གྲྭ་ཁག་གི་རིག་ལམ་བྱེད་སྒོ་ལ་སྲིད་སྐྱོང་གིས་བསྔཊ་བརྗོད།


2015.06.30
བཙན་བྱོལ་བོད་མིའི་སློབ་གྲྭ་ཁག་གི་རིག་ལམ་བྱེད་སྒོའི་མཇུག་བསྡོམས་མཛད་སྒོའི་སྟེང་སྲིད་སྐྱོང་མཆོག་གི་གཏམ་བཤད་གནང་བ། བཙན་བྱོལ་བོད་མིའི་སློབ་གྲྭ་ཁག་གི་རིག་ལམ་བྱེད་སྒོའི་མཇུག་བསྡོམས་མཛད་སྒོའི་སྟེང་སྲིད་སྐྱོང་མཆོག་གི་གཏམ་བཤད་གནང་བ། 2015/6/29
tibet.net

བཙན་བྱོལ་བོད་མིའི་སློབ་གྲྭ་ཁག་གི་རིག་ལམ་བྱེད་སྒོའི་མཇུག་བསྡོམས་མཛད་སྒོའི་སྟེང་སྲིད་སྐྱོང་མཆོག་གི་གཏམ་བཤད་གནང་བ།
དེ་ཡང་རྒྱ་གར་ནང་གི་བཙན་བྱོལ་བོད་མིའི་སློབ་གྲྭ་ཁག་གི་རིག་ལམ་བྱེད་སྒོ་ཞིག་ཕྱི་ཟླ་དྲུག་པའི་ཚེས་༢༣ནས་གཟའ་འཁོར་གཅིག་རིང་སྤེལ་ཏེ་ཕྱི་ཟླ་དྲུག་པའི་ཚེས་༢༩ཉིན་བཞུགས་སྒར་རྡ་སྟེང་བོད་ཁྱིམ་ཚོགས་ཁང་དུ་མཇུག་སྒྲིལ་ཡོད་པ་དང་། མཇུག་བསྡོམས་མཛད་སྒོའི་ཐོག་སྐུ་མགྲོན་གཙོ་བོ་དཔལ་ལྡན་སྲིད་སྐྱོང་མཆོག་གིས། ཆོས་དགེ་དང་སློབ་མ་རྣམས་ལ་མཇལ་དར་དང་ཕྱག་ཁྱེར་གནང་བ་མ་ཟད། གསུང་བཤད་ནང་། ༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་རིག་ལམ་སློབ་ཁྲིད་བྱ་རྒྱུ་གལ་ཆེན་པོ་ཡིན་པའི་བཀའ་སློབ་རིམ་པ་མང་པོ་ཕེབས་ཡོད་པ་དང་། དྲུག་ཅུ་རེ་གྲངས་ནས་སློབ་གྲྭ་ཁང་ནང་ཆོས་དགེ་བསྐོས་པ་དང་། ཉེ་བའི་ལོ་ཤས་ནས་བཟུང་རིག་ལམ་སློབ་གཉེར་དང་སློབ་ཁྲིད་ཀྱི་ཐོག་ལ་སློབ་ཕྲུག་ཚོས་འབད་བརྩོན་དང་ཆོས་དགེ་རྣམ་པས་སྐུ་ལས་བསྐྱོན་པར་བརྟེན་ནས་། ཉེ་ཆར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་རིག་ལམ་སློབ་ཁྲིད་དེ་བཞིན་ཡར་རྒྱས་ཀྱི་རྣམ་པ་འདུག་ཅེས་བཀའ་སྩལ་ཡོད། གཙོ་བོ་༧གོང་ས་མཆོག་གི་བཀའ་དགོངས་ང་ཚོས་གྲུབ་ཐུབ་པ་བྱུང་ན་འདི་ནི་ཚེ་འདི་ཕྱི་གཉིས་ལ་བསོད་ནམས་གསོག་རྒྱུ་དེ་ལས་ལྷག་པ་གང་ཡང་ཡོད་པ་མ་རེད་ཅེས་དང། ཡང་སློབ་གྲྭའི་ནང་དུས་རྒྱུན་དུ་དགེ་རྒན་ཚོས་སློབ་ཁྲིད་གནང་བ་གཅིག་པུར་ཆ་འཇོག་བྱས་ཏེ་ངག་རྒྱུགས་སྤྲད་པ་ཙམ་མ་ཡིན་པར། ཕྱོགས་ཡོངས་ཀྱི་གནས་ཚུལ་རྟོགས་ཞིབ་དང་ཤེས་རྟོགས་ཐུབ་པ་བྱ་དགོས་རྒྱུ་གལ་ཆེ་ཞིང་། ལྷག་པར་དུ་བསམ་བློའི་ནང་དོགས་འདྲི་མང་པོ་ལྡན་པའི་ཐོག་ནས་དེ་དག་ལ་དཔྱད་ཞིབ་བྱས་པའི་ལམ་ནས་སློབ་གཉེར་བྱ་དགོས་པ་སོགས་རིག་ལམ་གྱི་རྣམ་དཔྱོད་ཐོག་ནས་གནས་ལུགས་གང་དང་གང་ཡིན་མིན་ངེས་ཤེས་ཐུབ་ཐབས་འབད་བརྩོན་བྱ་དགོས་པའི་སྐོར་སོགས་ལམ་སྟོན་གནང་ཡོད་པ་རེད།
ཡང་དབུས་བོད་མིའི་སྒྲིག་འཛུགས་ཀྱི་ཤེས་རིག་བཀའ་བློན་མཆོག་གིས། སློབ་ཕྲུག་ཚོར་ལམ་སྟོན་གསུང་བཤད་གནང་བའི་ནང་། བོད་པའི་སློབ་གྲྭ་ཁག་མང་པོ་ཡོད་པའི་ཁོངས་ནས་སློབ་གྲྭ་ཁག་༡༤ཡི་རིག་ལམ་གྱི་གྲུབ་འབྲས་ཧ་ཅང་ཡག་པོ་བྱུང་ཡོད་པ་དང་། སློབ་གྲྭ་ཁག་ནང་རིག་ལམ་སློབ་ཁྲིད་བྱེད་དགོས་པའི་སྐོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་བཀའ་སློབ་ཕེབས་ནས་ལོ་མང་ཕྱིན་ཡོད་ཀྱང་། ད་ལྟ་གཞི་ནས་སློབ་ཕྲུག་རྣམས་ལ་རིག་ལམ་གྱི་རྨང་གཞི་རྒྱུད་དུ་ཆགས་ཐུབ་པ་དེ་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་ཐུགས་བཞེད་ལྟར་གྲུབ་ཀྱི་ཡོད་པ་དང་། མགོན་པོ་གང་ཉིད་ཀྱི་བཀའ་སློབ་ཕེབས་དགོས་དོན་ནི་སློབ་མ་སོ་སོའི་མི་ཚེའི་ནང་ཕན་ཐོགས་ཡོད་པ་ཞིག་དང། ལྷག་པར་དུ་བོད་པ་ཚོས་འཛམ་གླིང་སྤྱི་ལ་ཕན་ཐོགས་ཡོད་པའི་ཁྱད་ཆོས་ཤིག་བཏོན་ཐུབ་རྒྱུ་མཚོན་པའི་སྤྱི་སྒེར་གཉིས་ལ་ཕན་ཐོགས་ཡོད་པ་མ་ཟད། འཕྲལ་ཕུགས་གཉིས་ལ་དགོངས་ནས་ལམ་སྟོན་མཛད་པ་དེ་སྒྲུབ་ཐུབ་རྒྱུར་ད་ཆ་རིག་ལམ་གྱི་རྨང་གཞིའི་ཐོག་བསྐྱོད་ཐུབ་པ་བྱུང་བ་ནི་བསྔགས་བརྗོད་ཞུ་ཡུལ་ཞིག་ཡིན་ལུགས་གསུངས་ཡོད་པ་རེད།

གསར་འགོད་པ་ཉི་མ་གཡུ་སྒྲོན།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོའི་གསེར་ཁྲི་མངའ་གསོལ་མཛད་སྒོའི་སྐབས་ཀྱི་གནས་སྟངས་གསལ་བའི་ཆུ་ཚོན་རི་མོ་ངོ་མ་ ༤༠ ཚོང་སྒྱུར་གནང་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎