རྒྱ་གར་གཞུང་དམངས་གཉིས་བོད་མི་ཚོར་བཀའ་དྲིན་ཆེན་པོ་ཡིན།


2016.01.08
སྲིད་སྐྱོང་མཆོག་གིས་ཨ་ཅའ་ར་ཀིར་པ་ལྭ་ནི་མཆོག་གི་རྗེས་དྲན་ཐོག་ཕེབས་སྐབས། ༢༠༡༦།༡།༧ སྲིད་སྐྱོང་མཆོག་གིས་ཨ་ཅའ་ར་ཀིར་པ་ལྭ་ནི་མཆོག་གི་རྗེས་དྲན་ཐོག་ཕེབས་སྐབས། ༢༠༡༦།༡།༧
སངས་རྒྱས་རྒྱ་མཚོ།

དབུས་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་ཅའ་ར་ཀིར་པ་ལྭ་ནི་མཆོག་གི་རྗེས་དྲན་ཐོག་གསུང་བཤད་གནང་ཡོད་པ།
དེ་ཡང་ཕྱི་ཟླ་དང་པོའི་ཚེས་༧ཉིན་རྒྱ་གར་གྱི་རྒྱལ་ས་ལྡི་ལིར་རྟེན་གཞི་བྱས་པའི་གྷན་དིའི་ཞི་བདེའི་ཐེབས་རྩ་ཁང་དུ། ཨ་ཅར་ར་ཀིར་པ་ལྭ་ནི་(Acharya Kripalani)མཆོག་གི་རྗེས་དྲན་ཚོགས་ཡོད་པ་དང་། སྐུ་ཞབས་ཀིར་པ་ལ་ནི་མཆོག་ནི་རྒྱ་གར་གྱི་རང་དབང་ཐོག་འཐབ་རྩོད་གནང་མཁན་ཞིག་ཡིན་པ་མ་ཟད། རྒྱ་གར་ཀོང་རེ་སི་ཚོགས་པའི་དབུ་ཁྲིད་གཙོ་བོའི་གྲས་ཤིག་ཀྱང་ཡིན་ཞིང་། ཁོང་གི་རྗེས་དྲན་ཚོགས་འཛོམས་ཐོག་དབུས་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་ནས་བོད་ཀྱི་གནད་དོན་དང་རྒྱ་གར་གྱི་དབུ་ཁྲིད་ཅེས་པའི་བརྗོད་གཞིའི་ཐོག་ནས་གཏམ་བཤད་སྤེལ་བའི་སྙིང་བསྡུས་སུ། ཨ་ཅའ་ར་ཀིར་པ་ལ་ནི་མཆོག་གིས་རྒྱ་ནག་གཞུང་གིས་བོད་སར་བཙན་འཛུལ་བྱས་སྟབས་ད་ཆ་རྒྱ་དཀར་ནག་གཉིས་དབར་བར་ཞུགས་སུ་གནས་མཁན་མེད་པར་གྱུར་ཡོད་པ་དང་། བོད་ནང་རྒྱ་ནག་གི་བཙན་འཛུལ་བྱས་རྗེས་རྒྱ་གར་གྱི་ས་མཚམས་སྒོ་ཁར་རྒྱ་མི་སླེབས་རྒྱུ་རེད་སོགས་པའི་བཀའ་མོལ་གནང་མྱོང་ཡོད་པ་ལུང་འདྲེན་ཞུས་ཏེ། རྒྱ་གར་དེ་བཞིན་བོད་མི་བཙན་བྱོལ་བ་ཚོར་བཀའ་དྲིན་ཆེན་པོ་ཡིན་པ་དང་། ལྷག་པར་དུ། བོད་ནང་རྒྱ་ནག་གཞུང་གིས་དམ་བསྒྲགས་སྲིད་ཇུས་འཛིན་པའི་འོག བོད་ཀྱི་ཁོར་ཡུག་ལ་གཏོར་ཚབས་ཆེན་པོ་བཟོས་ནས་བོད་ཀྱི་གཙང་ཆུ་ཁག་ལ་ཆུ་རག་རྒྱབ་པར། བོད་ཀྱི་འཐུང་ཆུར་བརྟེན་མཁན་གྱི་རྒྱ་གར་དང་། བང་ལ་དེ་ཤི་སོགས་ལྷོ་ཤར་ཨི་ཤེ་ཡའི་ཡུལ་གྲུ་ཁག་གི་མི་མང་ཚོར་དཀའ་ངལ་ཆེན་པོ་བཟོས་བཞིན་ཡོད་པ་སོགས་ལ་བརྟེན་ནས་བོད་ནང་གི་དཀའ་ངལ་སེལ་རྒྱུ་དེས་བོད་མི་ཙམ་མིན་པར་རྒྱ་གར་དང་། ལྷོ་ཤར་ཨི་ཤེ་ཡའི་ཡུལ་གྲུ་མང་པོ་ཞིག་ལ་ཡང་འབྲེལ་བ་ཆགས་ཀྱི་ཡོད་པའི་སྐོར་གསུངས་ཡོད་པ་རེད།   
ཨ་ཅ་ར་ཀིར་པ་ལ་ནི་མཆོག་གི་རྗེས་དྲན་ཐོག རྒྱ་གར་གྲོས་ཚོགས་འོག་མའི་དྲུང་ཆེ་ཟུར་པ་སྐུ་ཞབས་Anand Kumarམཆོག་དང་། ཨ་ཅ་ར་ཀིར་པ་ལ་ནི་མཆོག་གི་རྗེས་དྲན་ཐེབས་རྩ་ཁང་གི་འགནའཛིན་སྐུ་ཞབས་Shri Pyare Mohan Tripati( ཏྲིཔ་ཊི་ )སོགས་མཉམ་བཞུགས་གནང་ཡོད་པ་རེད།

གསར་འགོད་པ་འཆི་མེད།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོའི་གསེར་ཁྲི་མངའ་གསོལ་མཛད་སྒོའི་སྐབས་ཀྱི་གནས་སྟངས་གསལ་བའི་ཆུ་ཚོན་རི་མོ་ངོ་མ་ ༤༠ ཚོང་སྒྱུར་གནང་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎