སྲིད་སྐྱོང་མཆོག་གིས་ཨ་རིའི་གྲོས་ཚོགས་ཀྱི་འཐུས་མི་ཁག་ཅིག་དང་མཇལ་མོལ།
2019.09.10

བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེངྒེ་མཆོག་གིས་འདི་ཚེས་༩་གཟའ་ཟླ་བའི་ཉིན་ཨ་རིའི་གྲོས་ཚོགས་ནང་བོད་དོན་སྲིད་ཇུས་ཀྱི་ཁྲིམས་ཡིག་(Tibet Policy Act)་ཞེས་པ་དེ་སྔ་གཏན་འབེབས་གནང་བ་དེ་བསྐྱར་བཅོས་ཡོང་ཐབས་སུ་ཨ་རིའི་གྲོས་ཚོགས་འཐུས་མི་གཙོས་པའི་འབྲེལ་ཡོད་མི་སྣ་རྣམས་མཇལ་འཕྲད་ཀྱིས་ཞུ་སྐུལ་གནང་འདུག
སྲིད་སྐྱོང་མཆོག་གིས་ཨ་མི་རི་ཀའི་གྲོས་ཚོགས་ཀྱིས་༢༠༠༢་ལོར་གཏན་འབེབས་གནང་བའི་(Tibet Policy Act)་འམ་བོད་དོན་སྲིད་ཇུས་ཀྱི་ཁྲིམས་ཡིག་ལ་བསྐྱར་བཅོས་ཡོང་ཐབས་སུ་ཨ་རིའི་གྲོས་ཚོཊ་ནང་ཨ་རིའི་འཛིན་སྐྱོང་དང་ཨ་རིའི་གྲོས་ཚོགས་ཀྱི་རྒྱ་ནག་ཐོག་གི་ཆེས་མཐོའི་ལྷན་ཚོགས་ཀྱི་ཚོཊ་གཙོ་(Jim McGovern)་མཆོག་དང་མཇལ་མོལ་གནང་ཡོད་པ་དང་། དེའི་སྐོར་བྱང་ཨ་རིའི་སྐུ་ཚབ་དོན་གཅོད་དངོས་གྲུབ་ཚེ་རིང་ལགས་ཀྱིས། ཁྲིམས་འཆར་དེ་གྲོས་ཚོགས་འོག་མའི་ནང་དཀའ་ངལ་མེད་པར་གཏན་འབེབས་གནང་ཐུབ་རྒྱུ་ཡིན་པ་དང་། གྲོས་ཚོཊ་གོང་མའི་ནང་ཞུ་གཏུགས་འབོད་སྐུལ་མུ་མཐུད་ཞུ་དགོས་པའི་སྐོར་ལ་བཀའ་མོལ་བྱུང་ཡོད་སྐོར་དང་། སྲིད་སྐྱོང་མཆོག་གིས་ཨ་རིའི་འཛིན་སྐྱོང་དང་གྲོས་ཚོགས་ཀྱི་རྒྱ་ནག་ཐད་ཀྱི་ཆེས་མཐོའི་ལྷན་ཚོགས་ཀྱི་ཚོཊ་གཙོ་དང་ངེས་སྟོན་པ་བཅས་དང་མཇལ་འཕྲད་གནང་སྟེ། བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་ཡང་སྲིད་ངོས་འཛིན་ཞུ་ཕྱོགས་དང་། བོད་མིའི་སྒྲིག་འཛུགས་འདི་བོད་ཕྱི་ནང་གཉིས་ཀའི་སྐུ་ཚབ་མཚོན་གྱི་ཡོད་པ། དེ་བཞིན་བོད་མིར་རོགས་དངུལ་གནང་བཞིན་པ་ཁག་ཁྲིམས་ཡིག་བསྐྱར་བཅོས་ནང་བཀོད་པ་དགོས་པའི་འབོད་སྐུལ་ཞུས་སྐོར་གསུངས་ཡོད་འདུག
ཡང་ཕྱི་ལོ་༢༠༠༢་ལོར་གཏན་འབེབས་གནང་བའི་བོད་ཀྱི་སྲིད་ཇུས་མཇུག་སྐྱོང་དང་ཁྲིམས་གཞི་དེ་ནུས་པ་ཆེ་ཙམ་འདོན་ཕྱིར་བསྐྱར་བཅོས་ཀྱི་ཁྲིམས་འཆཪ་ཞིག་(Jim McGovern)་མཆོག་གིས་གྲོས་ཚོགས་འོག་མའི་ནང་ཞུ་འབུལ་གནང་གཏན་འཁེལ་ཡོད་པའི་སྐོར་ཡང་སྐུ་ཚབ་དོན་གཅོད་དངོས་གྲུབ་ཚེ་རིང་ལགས་ཀྱིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་ངོ་སྤྲོད་གནང་བྱུང་།
ཡང་ཕྱི་ཚེས་༩ཉིན་ཨ་རིའི་གྲོས་ཚོགས་ཀྱི་(Rayburn)་ཚོགས་ཁང་ནང་། ཨ་རིའི་གྲོས་ཚོཊ་ཀྱི་དམངས་གཙོ་མཉམ་འབྲེལ་ཚོཊ་པས་སྲིད་སྐྱོང་བློ་བཟང་སེངྒེ་མཆོག་ལ་སྣེ་ལེན་གྱི་མཛད་སྒོ་ཞིག་གོ་སྒྲིག་གནང་བ་དང་། མཛད་སྒོའི་ཐོག་ཨ་རིའི་གྲོས་ཚོགས་འོག་མའི་འཐུས་མི་(David Price) (Judy Chu) (Terri Sewell) (Ted Yoho) (Gerry Connolly)་བཅས་དང་དེ་མིན་ཨ་རིའི་མང་གཙོ་ཐེབས་རྩ་ཁང་གི་གཙོ་འཛིན་(Carl Gershman) ཨ་རིའི་རྒྱལ་ཡོངས་མང་གཙོ་ཉམས་ཞིབ་ཁང་གི་གཙོ་འཛིན་སོཊ་གནད་ཡོད་མི་སྣ་མང་པོ་དང་། འབྲེལ་ཡོད་ལས་བྱེད་རྣམ་པ། དེ་བཞིན་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་དང་། དོན་གཅོད་ཁང་གི་ལས་བྱེད་རྣམ་པ། ཨ་རིའི་རྒྱལ་སའི་མངའ་ཁུལ་དང་ནིའུ་ཡོག ཧྥེ་ལེ་ཌེ་ཧྥེ་ཡ་བཅས་ཀྱི་བོད་རིགས་སྤྱི་མཐུན་ཚོཊ་པའི་ཚོགས་གཙོ་བཅས་ཀྱང་ཆེད་བཅར་ཞུས་ཡོད་འདུག