ནོར་ཝེར་གཞུང་དོན་ཕྱོགས་སྐྱོད།
2013.05.15

༄༅༎ཟླ་བ་འདིའི་ཚེས་༡༢ཉིན་སྲིད་སྐྱོང་མཆོག་ནོར་ཝེ་ཡི་རྒྱལ་ས་Oslo རུ་ཕེབས་འབྱོར་གནང་སྐབས།ཨིན་ཡུལ་བོད་ཀྱི་སྐུ་ཚབ་དོན་གཅོད་ཐུབ་བསྟན་བསམ་གྲུབ་ལགས་དང༌། ཡོ་རོབ་སྤྱི་འཐུས་ཆུང་བཏགས་ཀོ་རེན་ལགས། གསར་དུ་འོས་འདེམས་གནང་བའི་ནོར་ཝེ་བོད་དོན་ཚོགས་པའི་ཚོགས་གཙོ་མཚོ་མོ་ལགས།དེ་བཞིན་ནོར་ཝེ་ཁུལ་གནས་བཞུགས་གནང་མཁན་བོད་མི་ཁག་ཅིག་གནམ་ཐང་དུ་བཅར་འདུག།སྲིད་སྐྱོང་བློ་བཟང་སེངྒེ་མཆོག་གིས་Osloའི་རང་དབང་གླེང་སྟེགས་ཐེངས་༥པའི་ཐོགབཙན་བྱོལ་ནང་གི་དམངས་གཙོ་ཞེས་པའི་བརྗོད་གཞིའི་ཐོག་གསུང་བཤད་གནང་ཡོད་ཅིང༌། ཉིན་རྒྱབ་གོང་ཞུས་ཚོགས་པ་དེས་སྲིད་སྐྱོང་མཆོག་ལ་དགོང་དྲོའི་གསོལ་ཚིགས་ཕུལ་་གནང་འདུག།
དེ་ནས་ཕྱི་ཚེས་༡༣ཉིན་Oslo རང་དབང་གླེང་སྟེགས་ཀྱི་གོ་སྒྲིག་གནང་བའི་གསར་འགོད་ལྷན་ཚོགས་ཐོག་སྲིད་སྐྱོང་མཆོག་གིས་བོད་ནང་གི་ད་ལྟའི་གནས་སྟངས་ངོ་སྤྲོད་གནང་འདུག་པ་དང༌། དེ་རྗེས་བློ་བཟང་སེངྒེ་མཆོག་གིས་ཆབ་སྲིད་ཞིབ་འཇུག་ཁང་Civita འི་ལས་ཁང་ལ་ཕེབས་ནས་ལས་ཁང་དེའི་ངེས་སྟོན་པ། ནོར་ཝེ་ཡུལ་གྱི་ཤེས་རིག་བློན་ཆེན་ཟུར་པ་ ལྕམ་Kristin Clement དང་མཇལ་འཕྲད་གནང་ནས་དབུས་བོད་མིའི་སྒྲིག་འཛུགས་དང་བོད་ནང་གི་ཛ་དྲག་གནས་སྟངས་སྐོར་བཀའ་མོལ་གནང་འདུག།