སྲིད་སྐྱོང་མཆོག་གིས་ཨ་རིའི་ཡེལ་གཙུག་ལག་སློབ་གྲྭའི་སྲིད་དོན་མཐུན་ཚོཊ་སར་གཏམ་བཤད།
2019.02.15

སྲིད་སྐྱོང་མཆོག་གིས་ཨ་མི་རི་ཀའི་ཡེལ་གཙུག་ལག་སློབ་གྲྭ་ཆེན་མོའི་སྲིད་དོན་མཐུན་ཚོགས་ཀྱི་སར་བོད་དོན་གཏམ་བཤད་གནང་འདུག
དབུས་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེངྒེ་མཆོག་གིས་ཚེས་༡༤ ཉིན། ཨ་མི་རི་ཀའི་ཡེལ་(Yale University)གཙུག་ལག་སློབ་གྲྭ་ཆེན་མོའི་སྲིད་དོན་མཐུན་ཚོགས་ཀྱི་ཚོགས་མི་༥༠་བརྒལ་བའི་སར་དེང་སང་བོད་ནང་གི་གནས་སྟངས་དང་། རྒྱ་ནག་གཞུང་གིས་རྒྱལ་སྤྱིའི་སྤྱི་ཚོགས་སུ་ཤུགས་རྐྱེན་ཐེབས་བཞིན་པའི་གནད་དོན་སྐོར་ལ་གཏམ་བཤད་གནང་ཡོད་པ་རེད།
སྲིད་སྐྱོང་བློ་བཟང་སེངྒེ་མཆོག་གིས་གསུངས་དོན། བོད་ནི་དེང་སང་འཛམ་གླིང་སྟེང་རང་དབང་མེད་པའི་ཡུལ་ལུང་དེ་ཡིན་པ་དང་། བོད་མི་༡༥༣་ཙམ་གྱིས་སྐུ་ལུས་མེར་བསྲེགས་བཏང་ནས་རྒྱ་ནག་གཞུང་ལ་ངོ་རྒོལ་བྱས་ཡོད་པ་རེད། རྒྱལ་སྤྱིའི་གསར་འགོད་པས་གནས་ཚུལ་དེ་ཚོ་འགྲེམས་སྤེལ་བྱེད་མི་ཐུབ་པ་དེ་ནི་རྒྱ་ནག་གཞུང་གིས་བོད་ནང་དམ་བསྒྲགས་ཤིན་ཏུ་ཆེ་བའི་སྲིད་ཇུས་ལག་བསྟར་བྱས་པའི་རྐྱེན་གྱིས་ཡིན་པ་རེད་ཅེས་དང་། ཡང་སྲིད་སྐྱོང་མཆོག་གིས། ཁོང་ས་གནས་ཁག་ཏུ་སྲིད་དོན་གྱི་འབྲེལ་ཡོད་མི་སྣར་ཐུག་འཕྲད་བྱེད་པའམ་ཡང་ན་བོད་ཀྱི་གནད་དོན་ཐད་བློ་བསྡུར་བྱེད་སར་བསྐྱོད་པའི་སྐབས་ག་དུས་ཡིན་ནའི་རྒྱ་ནག་གཞུང་གིས་ལྟ་སྤྱོད་འོག་བསྐྱོད་མཁན་གྱི་སློབ་ཕྲུག་གམ་མི་སྣ་དེ་ཚོས་ངོ་རྒོལ་བཀག་འགོག་བྱེད་པའི་གནས་ཚུལ་དེ་འདྲ་ཡང་སེ་ཡོང་གི་འདུག་ཅེས་གསུངས་འདུག།
ཡང་སྲིད་སྐྱོང་མཆོག་(University of Rholde Island)མཐོ་སློབ་ཀྱིས་གདན་ཞུས་ལྟར་ཕེབས་ཏེ། སློབ་ཕྲུག་བརྒྱ་བརྒལ་བ་ཞིག་ལ་རྒྱལ་སྤྱིའི་འབྲེལ་བ་དང་འཚེ་མེད་ཞི་བའི་འཐབ་རྩོད་བྱས་ཏེ་འཛམ་གླིང་ཞི་བདེའི་ཆེད་ཀྱི་བསླབ་བྱ་ཞེས་པའི་བརྗོད་གཞིའི་ཐོག་གསུང་བཤད་ཀྱང་གནང་འདུག