སྲིད་སྐྱོང་མཆོག་དང་ཨ་ཧྥེ་རི་ཀའི་སྲིད་འཛིན་ཟུར་པ་མཇལ་མོལ།


2019.02.08
སྲིད་སྐྱོང་མཆོག་ལྷོ་ཨ་ཧྥེ་རི་ཀའི་སྲིད་འཛིན་ཟུར་པ་སྐུ་ཞབས་(F W De Klerk)་དང་མཇལ་འཕྲད་སྐབས། ༢༠༡༩།༢།༦ སྲིད་སྐྱོང་མཆོག་ལྷོ་ཨ་ཧྥེ་རི་ཀའི་སྲིད་འཛིན་ཟུར་པ་སྐུ་ཞབས་(F W De Klerk)་དང་མཇལ་འཕྲད་སྐབས། ༢༠༡༩།༢།༦
CTA

སྲིད་སྐྱོང་མཆོག་ལྷོ་ཨ་ཧྥེ་རི་ཀར་གཞུང་འབྲེལ་ཕྱོགས་བསྐྱོད་ཀྱིས་ལྷོ་ཨ་ཧྤེ་རི་ཀའི་སྲིད་འཛིན་ཟུར་པ་དང་མཇལ་འཕྲད་ཞུས་འདུག
དབུས་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཕྱི་ཟླ་གཉིས་པའི་ཚེས་༦་ཉིན་ལྷོ་ཨ་ཧྤེ་རི་ཀའི་སྲིད་འཛིན་ཟུར་པ་སྐུ་ཞབས་(F W De Klerk)མཆོག་དང་ལྷན་དུ་ཁོང་གི་ཐེབས་རྩ་ལས་ཁང་དུ་མཇལ་འཕྲད་ཞུས་ཡོད་པ་དང་། མཇལ་འཕྲད་དེའི་སྐབས་ཕན་ཚུན་མཛའ་བརྩེའི་བཀའ་མོལ་གནང་བ་མ་ཟད། ད་ལྟའི་བོད་ནང་གི་གནས་སྟངས་གཙོས་པའི་སྤྱི་ཡོངས་ཀྱི་གནད་དོན་ཁག་ཅིག་ཐོག་ལ་བཀའ་བསྡུར་གནང་བ་དང་། ལྷག་དོན་ལྷོ་ཨ་ཧྥེ་རི་ཀའི་སྲིད་
འཛིན་ཟུར་པ་མཆོག་གིས་༧སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ལ་གུས་བརྩིའི་འཚམས་འདྲི་ཞུ་རྒྱུ་བསྐུར་གནང་བའི་ཁར་བོད་མིའི་རང་དབང་འཐབ་རྩོད་ཀྱི་མངོན་འདོད་ལ་རྒྱབ་སྐྱོར་ཡོད་པའི་སྐོར་གསུངས་ཡོད་པ་བོད་མིའི་སྒྲིག་འཛུགས་དྲ་རྒྱའི་ནང་གནས་ཚུལ་སྤེལ་འདུག
ཡང་གནས་ཚུལ་ནང་བཀོད་པ་ལྟར་ན། དབུས་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་ནས་ཀྱང་ད་ལྟའི་བོད་ནང་གི་ཆབ་སྲིད་ཀྱི་གནས་སྟངས་དང་། ད་བར་བོད་མི་ ༡༥༣ ལྷག་གིས་རང་ལུས་མེ་བསྲེག་བཏང་ནས་ཁོང་ཚོའི་རེ་འདུན་ནི་རང་དབང་དང་། སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་བོད་དུ་གདན་ཞུ་བྱ་དགོས་པའི་མངོན་འདོད་ཡིན་ཞིང་། ཨ་རིའི་ནང་ཡོད་པའི་འགྲོ་བ་མིའི་ཐོབ་ཐང་དང་དམངས་གཙོ། རང་དབང་གི་ཐོག་ལ་ཞིབ་འཇུག་གནང་མཁན་རང་དབང་ཁང་པ་ཞེས་པས་སྙན་ཐོ་ཞིག་བཏོན་པའི་ནང་ལ། སུ་རེ་ཡ་(Syria) ནང་གི་རང་དབང་མེད་པའི་གནས་སྟངས་སྡུག་ཤོས་ཀྱི་རྗེས་སུ་བོད་ཡིན་པ་དང་། དེ་ལས་བོད་ནི་བྱང་ཀོ་རི་ཡ་ལས་རང་དབང་གི་གནས་སྟངས་སྐྱོ་བ་ཡོད་པའི་སྐོར་དང་། བོད་ནང་རྒྱ་ནག་གིས་འཕྲུལ་རིགས་མྱུལ་ཞིབ་སོགས་ཀྱི་སྲིད་ཇུས་ཚོད་ལྟ་བྱེད་ཡུལ་ཞིག་ཏུ་གྱུར་ཡོད་ལ། བོད་ཀྱི་རང་བྱུང་གི་ཆུ་དང་གཏེར་ཁ་རྣམས་ཚུལ་མིན་བཀོལ་སྤྱོད་བྱ་རྒྱུའི་ཆེད་དུ་དམིགས་ཏེ་རི་ལིའི་ལྕགས་ལམ་དང་གཞུང་ལམ་རྒྱ་ཆེན་པོ་བཟོ་སྐྲུན་བྱེད་བཞིན་ཡོད་པར་བརྟེན་དེའི་མཇུག་འབྲས་ནི་བོད་ཀྱི་ཁོར་ཡུག་ལ་ལྡོག་ཐབས་མེད་པའི་གནོད་འཚེ་དང་གནམ་གཤིས་ཀྱི་འགྱུར་ལྡོག་ཇེ་སྡུག་ཏུ་འགྲོ་བའི་གནས་སྟངས་སོགས་འགྲེལ་བརྗོད་གནང་ཡོད་འདུག

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བྱེས་ཀྱི་གདན་ས་བཀྲིས་ལྷུན་པོ་གཙོས་པའི་བོད་མི་གནས་སྡོད་ས་གནས་ཁག་ཏུ་༸པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་གི་འཁྲུངས་སྐར་སྲུང་བརྩི་ཞུས།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎