མཚོ་ལྷོ་ཁུལ་དུ་ཟ་ཁང་དང་ཚོང་ཁང་ནང་འགྱིག་ཁུག་བེད་སྤྱོད་གཏོང་རྒྱུ་མཚམས་འཇོག་བྱེད་བཞིན་པ།
2018.12.08

༄༅། །རྒྱ་ནག་གཞུང་གིས་དབྱེ་བའི་མཚོ་སྔོན་ཞིང་ཆེན་མཚོ་ལྷོ་ཁུལ་དང་དེའི་ཁོངས་ཀྱི་རྫོང་ཁག་སོ་སོ་རུ་ཡོད་པའི་ཟ་ཁང་དང་ཚོང་ཁང་ནང་དེང་སྐབས་འགྱིག་ཁུག་བེད་སྤྱོད་གཏོང་མི་ཆོག་པར་མཚམས་འཇོག་བྱེད་བཞིན་ཡོད་འདུག་པ་དང་། དེ་ལྟར་བྱེད་དགོས་དོན་ནི་ཁོར་ཡུག་སྲུང་སྐྱོབ་ཀྱི་ཆེད་དུ་ཡིན་པ་འདི་གའི་གསར་འགོད་པ་ཀུན་བཟང་བསྟན་འཛིན་ལགས་ཀྱིས་གནས་ཚུལ་བཏང་གནང་འདུག གནད་དོན་དེའི་ཐད་བོད་ནང་གི་བོད་མི་ཞིག་གིས་འདི་ག་རླུང་འཕྲིན་ཁང་ལ་བརྗོད་དོན་ལྟར་ན་། དེང་སྐབས་མཚོ་ལྷོ་ཁུལ་དང་། རྩི་གོར་ཐང་རྫོང་། འབའ་རྫོང་བཅས་སུ་ཁོར་ཡུག་སྲུང་སྐྱོབ་ཀྱི་ཆེད་དུ་འགྱིག་རིགས་ཀྱི་བཟོས་བའི་གནོད་ཆས་རིགས་བེད་སྤྱོད་གཏོང་རྒྱུ་མཚམས་འཇོག་བྱེད་བཞིན་ཡོད་པ་དང་དཔེར་ན་ཟ་ཁང་དང་ཚོང་ཁང་སོ་སོའི་ངོས་ནས་ལས་འགུལ་འདིར་དངས་ལེན་གྱིས་མཛུལ་ཐེབ་རྒྱབ་པ་དང་རྗེས་སུ་འགྱིག་ཤོག་གི་གནོད་ཆས་རིགས་བེད་སྤྱོད་གཏོང་ཚེ་རྒྱ་སྒོར་ཉིས་སྟོང་གི་ཉེས་ཆད་ཁུར་དགོས་ཀྱི་ཡོད་པར་བརྟེན་སྔོན་ཆད་དང་བསྡུར་ན་རྫོང་ཐོག་གི་ཟ་ཁང་དང་ཚོང་ཁང་ཕལ་ཆེ་བའི་འགྱིག་ཤོག་བེད་སྤྱོད་མཚམས་འཇོག་བྱས་ཟིན་པ་དང་། དེའི་ཚབ་ལ་སྤུས་ཀ་ཞན་ཡང་གནས་སྐབས་བེད་སྤྱོད་བདེ་བའི་གནོད་ཆས་སྟབས་བདེ་ཞིག་བཀོལ་སྤྱོད་བྱེད་ཀྱིན་འདུག་ཅེས་གསུངས་འདུག།
གསར་འགོད་པ་འཆི་མེད་དང་ཀུན་བཟང་བསྟན་འཛིན།