ཆབ་མདོ་དང་གཞིས་རྩེ་གཉིས་གྲོང་ཁྱེར་ལ་བསྒྱུར་རྒྱུ་ཡིན་འདུག


2014.11.03
གཞིས་ཀ་རྩེ། གཞིས་ཀ་རྩེ།
དྲ་བཤུས

རྒྱ་ནག་གཞུང་གིས་བོད་ཀྱི་ཤར་ཁུལ་ཆབ་མདོ་ས་ཁུལ་དང་ནུབ་ངོས་གཞིས་ཀ་རྩེ་ས་ཁུལ་གཉིས་གྲོང་ཁྱེར་གྱི་གནས་བབ་ལ་བསྒྱུར་རྒྱུ་ཡིན་འདུག
དེ་ཡང་ཚེས༣ཉིན་རྒྱ་ནག་གིས་གནས་ཚུལ་སྤེལ་དོན། རྒྱ་ནག་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་སྔ་རྗེས་སུ་བོད་རང་སྐྱོང་ལྗོངས་ཀྱི་གཞིས་ཀ་རྩེ་དང་། ཆབ་མདོ་ས་ཁུལ་གཉིས་སོ་སོར་གཞིས་རྩེ་གྲོང་ཁྱེར་དང་ཆབ་མདོ་གྲོང་ཁྱེར་དུ་མིང་བསྒྱུར་བྱེད་རྒྱུའི་འབྲེལ་ཡོད་ཡིག་ཆར་ཆོག་མཆན་བཀོད་པ་དང་། ཟླ་༡༡་ཚེས་༢་ཉིན་བོད་རང་སྐྱོང་ལྗོངས་ཀྱི་གྲོང་ཁྱེར་བསྐྲུན་པའི་ལས་ཀའི་འགོ་ཁྲིད་ཚོ་ཆུང་གིས་ཚོགས་འདུ་བསྐོང་ཚོགས་བྱས་ཏེ་གཞིས་ཀ་རྩེ་དང་ཆབ་མདོ་ས་ཁུལ་གཉིས་གྲོང་ཁྱེར་གྱི་གནས་བབ་ལ་བསྒྱུར་རྒྱུའི་གནས་ཚུལ་ཁྱབ་བསྒྲགས་དང་འབྲེལ་ཡོད་ལས་ཀ་བཀོད་སྒྲིག་བྱས་ཡོད་འདུག  གནས་ཚུལ་ནང་མུ་མཐུད་བཀོད་ཡག་ལ། ད་རེས་བོད་ཀྱི་ས་ཁུལ་ཁག་གཉིས་ཀྱི་གནས་བབ་བསྒྱུར་བ་བཏང་བ་དེ་ནི་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་བོད་ཀྱི་ལས་དོན་ལ་མཐོང་ཆེན་བྱེད་ཀྱི་ཡོད་ལུགས་དང་། བོད་འཕེལ་རྒྱས་གཏོང་རྒྱུའི་གལ་ཆེའི་བྱ་ཐབས་བཟུང་བ་ཞིག་ཡིན་ལུགས་སོགས་འཁོད་འདུག
རྒྱ་ནག་གཞུང་གིས་བོད་རང་སྐྱོང་ལྗོངས་ཟེ་འབོད་པའི་ཁོངས་སུ་ད་ཡོད་གྲོང་ཁྱེར་གཅིག་དང་ས་ཁུལ་ཁག་དྲུག་ལ་དབྱེ་ཡོད་པ་དེ་ནི་ལྷ་ས་གྲོང་ཁྱེར་དང་། ཆབ་མདོ། ཉིང་ཁྲི།  ལྷོ་ཁ། གཞིས་ཀ་རྩེ། མངའ་རིས། ནག་ཆུ་ས་ཁུལ་བཅས་ཡིན་པ་རེད།

གསར་འགོད་པ་འཇམ་དཔལ་ཕུན་ཚོགས།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོའི་གསེར་ཁྲི་མངའ་གསོལ་མཛད་སྒོའི་སྐབས་ཀྱི་གནས་སྟངས་གསལ་བའི་ཆུ་ཚོན་རི་མོ་ངོ་མ་ ༤༠ ཚོང་སྒྱུར་གནང་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎